འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དམར་གསོད་ཆེན་མོའི་ལོ་རྒྱུས་ཞིབ་འཇུག་ཐད་སླར་ཡང་འཕེལ་རིམ་གསར་པ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ནན་ཅིང་དམར་གསོད་ཆེན་མོའི་ལོ་རྒྱུས་ཞིབ་འཇུག་ཐད་སླར་ཡང་འཕེལ་རིམ་གསར་པ་ཐོན་པ་དང་། རྩ་ཆེའི་རིག་དངོས་དང་དཔེ་སྐྲུན་བྱས་པའི་ནན་ཅིང་དམར་གསོད་ཆེན་མོའི་ཚིག་མཛོད་སོགས་རིག་གཞུང་ཞིབ་འཇུག་བརྩམས་བྱ་7602གསར་དུ་བསྡུ་ལེན་བྱས་པ་དང་། ནན་ཅིང་དམར་གསོད་ཆེན་མོའི་ཚིག་མཛིད་སོགས་རིག་གཞུང་ཞིབ་འཇུག་དེབ་བདུན་དཔེ་སྐྲུན་བྱས་པ། ནན་ཅིང་དམར་གསོད་ཆེན་མོའི་ནང་རྐྱེན་ལམ་དུ་ཤོར་མཁན་834འི་རུས་མིང་བརྙེད་ཡོད་པ་བཅས་རེད། རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་བྱེད་པའི་ནན་ཅིང་དམར་གསོད་ཆེན་མོའི་ལོ་རྒྱུས་ཞིབ་འཇུག་ཅེས་པས་བརྗོད་དོན་གཙོ་བོ་བྱས་པའི་རིག་གཞུང་ཞིབ་བསྡུར་ཚོགས་འདུ་སྤྱི་ཚེས་9ཉིན་ནན་ཅིང་དུ་འཚོགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་པས་རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་དང་། ལོ་རྒྱུས་ཀྱི་དྲན་འཆར་སོགས་གཙོ་གནད་གནད་དོན་ལ་གཞིགས་ནས་སྤེལ་རེས་དང་གྲོས་བསྡུར་ཚ་ཚ་འུར་འུར་གནང་ཡོད། ཞིབ་བསྡུར་ཚོགས་འདུས་རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་དང་ནན་ཅིང་དམར་གསོད་ཆེན་མོའི་ལོ་རྒྱུས་ཞིབ་འཇུག་གི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་ནས། འབྲེལ་ཡོད་ཞིབ་འཇུག་གི་གནད་དོན་འགའ་ཤས་ཐད་ལན་རྒྱབ་ཡོད་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་དཔང་རྟགས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།