འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ལས་བྱེད་པ་རྒྱན་འཛུགས་ནང་
    ཞུགས་པའི་གནད་དོན་དྲུག་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཏང་ཡོན་ལས་བྱེད་པས་རྒྱན་འཛུགས་ནང་ཞུགས་པའི་གནད་དོན་དྲུག་བརྡ་ཁྱབ་བཏང་བ་དང་། དེ་དག་ཁག་སོ་སོ་ནི། ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པག་ཁུལ་ཧྲན་ཏུངས་སྲང་ལམ་ཏང་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀོའོ་ཝིས་ནས་རྒྱན་འཛུགས་བྱས་པའི་གནད་དོན་དང་། ཐན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཁང་གཉིས་པའི་ཁྲུའུ་རིམ་པ་དང་པོའི་ཞིབ་དཔྱོད་པ་ཀྲང་པའོ་རེན་གྱིས་རྒྱན་འཛུགས་བྱས་པའི་གནད་དོན། ཅང་ཤིའི་ཞིང་ཆེན་ནན་གྲོང་རྫོང་ཨུད་ཀྱི་རྒྱུན་ཨུད། རྒྱུན་ཨུད་རྫོང་དཔོན་གཞོན་པ་ཚའོ་ཀྲེ་ཤང་སོགས་ནས་རྒྱན་འཛུགས་བྱས་པའི་གནད་དོན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཝུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཁུལ་ཆུ་དོན་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཀང་སོགས་ནས་རྒྱན་འཛུགས་བྱས་པའི་གནད་དོན། ཧུའུ་པེ་ཞིང་ཆེན་ཤང་ཡང་གྲོང་ཁྱེར་མཐོ་གསར་ཁུལ་གྱི་རྒྱལ་ཁོངས་ས་ཆའི་ཐོན་ཁུངས་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའི་ཁའི་ཆིན་སོགས་ནས་རྒྱན་འཛུགས་བྱས་པའི་གནད་དོན། ཅང་སུའུ་ཞིང་ཆེན་ཝུ་ཤིའི་གྲོང་ཁྱེར་ནན་གྲང་ཁུལ་འཕྲུལ་སྟེགས་བཟོ་གྲྭ་གསུམ་པའི་འགོ་འཛིན་ཧྲེང་ཧའོ་མེན་ནས་རྒྱན་འཛུགས་སྒྲིག་འཛུགས་བྱས་པའི་གནད་དོན་བཅས་ཡིན་པ་རེད།
          བརྡ་ཁྱབ་ནང་། རྒྱན་འཛུགས་ནི་སྤྱི་ཚོགས་ཀྱི་གནོད་འཚེ་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་དབྱང་ནས་ཏང་ཡོན་ལས་བྱེད་པ་རྒྱན་འཛུགས་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་གསལ་པོ་བཏོན་ཡོད། ཀྲུང་དབྱང་གི་གཏན་འབེབས་བརྒྱད་བཏོན་རྗེས། ཏང་ཡོན་ལས་བྱེད་པ་དེ་དག་གིས་སྔར་བཞིན་རང་འདོད་ངང་སྒྲིག་ལམ་སྣང་མེད་དུ་བཏང་བ་དང་། ངོ་བོ་ངན་པ། ཤུགས་རྐྱེན་ངན་པས། ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བཏོན།
          བརྡ་ཁྱབ་ནང་། རིམ་ཁག་ཏང་ཨུད་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྲོལ་ངན་བཞི་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་ཟུང་འབྲེལ་གྱིས། ཏང་ཡོན་ལས་བྱེད་པ་རྒྱན་འཛུགས་ནང་ཞུགས་རྒྱུ་བཀག་འགོག་བྱ་རྒྱུ་དེ་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩིས་ནས་འགན་འཁྲི་གཙོ་བོ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་ཡོན་ལས་བྱེད་པས་བདེ་ཐང་གི་འཚོ་བའི་རྣམ་པ་བསྐྲུན་པ་དང་། ཡང་དག་པའི་སྒོ་ནས་མི་སྒེར་གྱི་དགའ་ཕྱོགས་བདམ་ག་བྱེད་པ། རྒྱན་འཛུགས་སོགས་ཡང་མི་དག་པའི་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།