འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་ཁོ་རེ་ཡས་ཨ་རིས་བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མཉམ་འབྲེལ་
    རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་པར་རྒོལ་གཏམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༩ཉིན་བྱང་ཁོ་རེ་ཡའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་སོགས་རྒྱལ་ཁབ་ཁ་ཤས་ཀྱིས་བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྩིས་ཡོད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་སྟེ། དེ་ནི་དམག་དོན་བཙན་འཛུལ་བྱེད་པར་ཁ་གཡར་ས་བཙལ་བ་ཞིག་རེད་ཅེས་བསྟན་འདུག
          མགྲིན་ཚབ་པས། གལ་སྲིད་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྲོས་བསྡུར་བྱེད་ན། ངེས་པར་དུ་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པའི་བྱ་སྤྱོད་ལ་དོ་སྣང་བྱེད་དགོས་ཞེས་དང་། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་གཅོད་དྲག་པོ་བཀག་འགོག་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་དེ་སྔོན་ཨ་རིའི་གྲོས་ཚོགས་སྟོད་པས་མི་རིང་བར་འདོན་སྤེལ་བྱེད་རྒྱུ་ཡིན་པའི་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཁང་གི་ཁྲིམས་གཅོད་དྲག་པོའི་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུ་ཞེས་པའི་ནང་དོན་ལ་སེམས་ཁུར་བྱེད་མྱོང་ཡོད་པ་དང་། ཉེ་ཆར་ཨ་རིར་མི་རྒྱུད་དཀར་པོའི་ཉེན་རྟོག་པས་རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་མི་ལ་མེ་མདའ་བརྒྱབ་ཏེ་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་བྱུང་ཡོད། གལ་སྲིད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རིར་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཚབས་ཆེན་གནས་པ་སྣང་མེད་དུ་བཞག་ནས། བྱང་ཁོ་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཟེར་བ་དེ་ལ་གྲོས་བསྡུར་བྱས་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་དེ་ཨ་རིའི་བཙན་དབང་གི་ལག་ཆ་ཞིག་ཏུ་གྱུར་ཟིན་པ་སླར་ཡང་བདེན་དཔང་བྱས་ཡོད་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།