མི་དམངས་དྲ་བ།

༄༅།།དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་
སློབ་སྦྱོང་ལག་བསྟར་གྱི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་ཚེས་8ཉིན་རྒྱལ་སྲུང་སློབ་ཆེན་དུ་འཚོགས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་འཛིན་གྲྭ་ཚོགས་པའི་མཛད་སྒོའི་ཐོག་ཕེབས་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་དང་གཏིང་ཟབ་ངང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་རབས་ཀྱི་རྒྱབ་ལྗོངས་དང་འབྲེལ་བ་བྱེད་པ་དང་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུར་ཀྲུའུ་ཞི་ངོ་མས་ཐབས་ཇུས་བཏོན་པ་དང་དངོས་སུ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བའི་སྙིང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ཐོག་སློབ་སྦྱོང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་ཤུགས་ཆེར་ཏན་ཏིག་གཏོང་དགོས། ཀྲུའུ་ཞིའི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་དེའི་ཁྲོད་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རབ་དང་རིམ་པ་དེ་དག་རང་སོ་སོའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སུ་བསྒྱུར་དགོས། དུས་བབ་གསར་པའི་འོག་གི་དམག་དཔུང་གི་ཆབ་སྲིད་ལས་ཀའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་གོ་བ་གཏིང་ཟབ་བླངས་ཏེ་ཇི་ལྟར་བྱས་ནས་དམག་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཁྲོད་ཆབ་སྲིད་ལས་ཀའི་སྲོག་རྩ་ལྟ་བུའི་ནུས་པ་འདོན་སྤེལ་བྱ་རྒྱུར་བསམ་གཞིག་གཏིང་ཟབ་བྱེད་དགོས། དམག་ཡོངས་ཀྱི་ཆབ་སྲིད་ལས་ཀའི་ཚོགས་འདུའི་ཐོག་ཞུས་ཚའེ་ཧོའུ་ཡི་གྱོད་གཞི་བརྡ་ཁྱབ་བཏང་བའི་ཉེན་བརྡའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་ཀྲོའུ་ཡུང་ཁང་དང་ཞུས་ཚའེ་ཧོའུ་ཡི་གྱོད་གཞི་ལས་རང་རེའི་ཏང་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པར་ཉེན་བརྡ་ཅི་འདྲ་ཞིག་བཏང་བ་དང་བསླབ་བྱ་གཏིང་ཟབ་གང་དག་བསྡུ་ལེན་བྱེད་དགོས་པར་བསམ་གཞིག་ནན་པོ་བྱེད་དགོས། སྤྱོད་ཚུལ་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་པ་དང་སྤྱོད་ཚུལ་དག་ཐེར་དང་བཅོས་སྒྲིག་བྱ་རྒྱུ་གཙོ་བོར་བྱེད་པའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བླང་བྱའི་དམིགས་ཡུལ་ལ་གོ་བ་གཏིང་ཟབ་བླངས་ནས་མངོན་གསལ་དོད་པའི་གནད་དོན་ཡོ་བསྲང་ཏན་ཏིག་བྱེད་པ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་སྟེ་ཆབ་སྲིད་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།ཤེས་རྟོགས་སྨྲ་བ་དང་ལག་ལེན་སྨྲ་བའི་དབར་གྱི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ནས་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་གཏོང་བའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཕན་འབྲས་དངོས་མཚོན་པ་བྱེད་དགོས་པ་བཅས་བསྟན་པ་རེད།