འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་ལྗོངས་ཀྱི་འོང་སྐོར་སོགས་རྣམ་གྲངས་༡༣རྒྱལ་ཁབ་རིམ་པའི་ཁག་བཞི་པའི་མངོན་མིན་
    རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 08:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་ཁག་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་བོད་ལྗོངས་ཀྱི་འོང་སྐོར་དང་། རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས། བསམ་ཡས་དགོན་པའི་འཆམ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་༡༣ ཚུད་ཡོད་པ་རེད། མིག་སྔའི་བར་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བསྡོམས་འབོར་༨༩ཟིན་ཡོད་པ་རེད།
         རྒྱལ་ཁབ་རིམ་པའི་ཁག་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་མིང་གཞུང་ནང་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་ཚུད་པ་དེའི་ནང་ཡུལ་སྲོལ་གྱི་གྲས་སུ་འོང་སྐོར་དུས་ཆེན་དང་། སྲོལ་རྒྱུན་མཛེས་རྩལ་གྱི་གྲས་སུ་རྡུལ་ཚོན་དཀྱིལ་འཁོར་བཞེངས་སྟངས་དང་བོད་ཡིག་གི་ཡིག་གཟུགས་སྙེ་བྲིས། སྲོལ་རྒྱུན་རོལ་དབྱངས་ཀྱི་གྲས་སུ་ནག་ཆུའི་ལ་གཞས་དང་ཤུག་གསེབ་དགོན་པའི་གཅོད། སྲོལ་རྒྱུན་ཞབས་བྲོའི་གྲས་སུ་བསམ་ཡས་དགོན་པའི་འཆམ་དང་། ཉིང་ཁྲིའི་མི་ནག་འཆམ། མོན་པ་རིགས་ཀྱི་འབག་འཆམ། ལྕང་ལོ་བདེ་ཆེན་ཆོས་གླིང་གི་བཙུན་མའི་འཆམ། འཕྱོངས་རྒྱས་འཇུའི་བྲོ། རྩ་མདའི་གར་མ་ཤོན་བཅས་དང་། སྲོལ་རྒྱུན་ལག་རྩལ་གྱི་གྲས་སུ་སྒྲ་སྙན་བཟོ་རྩལ། སྲོལ་རྒྱུན་གསོ་རིག་གི་གྲས་སུ་ལྷོ་ཁའི་བོད་ལུགས་གསོ་རིག་གི་ལུམས་རྒྱག་སྟངས་བཅས་ཚུད་ཡོད་ཅིང་། རྣམ་གྲངས་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་(གྲོང་ཁྱེར་)དྲུག་ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།