འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་ཕོངས་ས་ཁུལ་ཐོན་ལས་གོང་འཕེལ་ཐེབས་རྩ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། དབུལ་ཕོངས་ས་ཁུལ་ཐོན་ལས་གོང་འཕེལ་ཐེབས་རྩ་ཚད་ཡོད་ཀུང་སི་སྤྱི་ཚེས་༡༠ཉིན་ལས་འགོ་ཚུགས་པ་རེད། ཀུང་སི་དེ་ནོར་སྲིད་པུའུ་དང་ཀྲུང་གོའི་རྡོ་ཐ་སྤྱི་ཁྱབ་ཀུང་སི། རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སི་བཅས་ཀྱིས་ཐུན་མོང་བཙུགས་པ་ཞིག་ཡིན་པ་དང་། ཐོ་འགོད་མ་རྩ་མི་དམངས་ཤོག་སྒོར་དུང་ཕྱུར་༢༨ཟིན་པ། དེའི་ཚོང་གཉེར་ཁ་ཕྱོགས་ནི་ནོར་སྲིད་དངུལ་རྩས་སྣེ་ཁྲིད་བྱ་རྒྱུས་གཙོ་བོར་བྱས་པ་དང་སྤྱི་ཚོགས་མ་རྩ་མ་འཇོག་ལ་སྐུལ་སློང་གིས་དབུལ་ཕོངས་ས་ཁུལ་གྱི་འདེབས་ལས་དང་། གསོ་སྤེལ་ལས་རིགས། ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ཐོན་ལས་ལ་མ་འཇོག་བྱས་ནས། ས་གནས་དེ་གའི་ཞིང་པ་དབུལ་སྒྲོལ་ཕྱུགས་འགྱུར་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
          ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཧུའུ་ཅིང་ལིན་གྱིས། དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་ཐེབས་རྩ་བཙུགས་པ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་བཀོད་སྒྲིག་བྱས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་དབུལ་ཕོངས་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་གསུང་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།