འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གཉིས་པའི་འགྲོ་བ་མིའི་ཐོབ་ཐང་རིག་གནས་བཤམས་སྟོན་གྱི་རྒྱལ་སྤྱིའི་ཞིབ་བསྡུར་
    གྲོས་ཚོགས་སྐོང་ཚོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དྲན་གསོ་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་སྐབས་གཉིས་པའི་འགྲོ་བ་མིའི་ཐོབ་ཐང་རིག་གནས་བཤམས་སྟོན་གྱི་རྒྱལ་སྤྱིའི་ཞིབ་བསྡུར་གྲོས་ཚོགས་སྤྱི་ཟླ་༡༢པའི་ཚེས་༩ཉིན་ནས་ཚེས་༡༠ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། ཞི་བདེར་གཅེས་འཛིན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ཞེས་པ་དེ་ཡིན་ཞིང་། ཀྲུང་གོ་དང་། ཨུ་རུ་སུ། ཧྥ་རན་སི། ཨུ་ཁེ་ལན། པེར་ཀྲེམ། དབྱི་སི་རལ། པ་ཙེར། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་༡༥ནས་ཕེབས་པའི་ཧྥ་ཤེ་སེའི་དམག་འཁྲུག་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་དམག་འཁྲུག་རིགས་ཀྱི་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་གི་འགན་ཁུར་མི་སྣ་དང་འཐུས་མི། དེ་བཞིན་རང་རྒྱལ་གྱི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་དང་། ལྗར་འགོག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་པ་སོགས་མི་བརྒྱ་ལྷག་ཙམ་ཐེངས་འདིའི་ཞིབ་བསྡུར་ཚོགས་འདུར་ཞུགས་ཡོད།
          ཐེངས་འདིའི་ཞིབ་བསྡུར་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྤྱིའི་ཆ་ནས་མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བ་དང་། རྒྱལ་ཁབ་ཉུང་ཤས་ཞིག་གིས་ཐ་ན་བཙན་འཛུལ་ལོ་རྒྱུས་ལ་ཁས་ལེན་བྱེད་ཀྱི་མེད། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་འགྲན་རྩོད་བྱས་པའི་རྒྱབ་ལྗོངས་དེ་ལྟ་བུའི་འོག་ཐེངས་འདིའི་གྲོས་ཚོགས་སྐོང་འཚོགས་བྱས་པ་དེས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་ཁས་ལེན་མི་བྱེད་པའི་ལྟ་བ་ནོར་འཁྲུལ་དེ་དག་ལ་ཡ་ལན་སྤྲོད་རྒྱུ་བཅས་ལ་དོན་སྙིང་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།