འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གློག་བརྙན་༼གཡང་མདའ་༽ལ་དབྱི་ཐ་ལའི་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་
    དུས་ཆེན་སྟེང་བྱ་དགའ་དུ་མ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    བརྙན་རིས།
    བརྙན་རིས།
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༨ཉིན་འཚོགས་པའི་དབྱི་ཐ་ལའི་སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་སྐབས་༣༢བའི་ཐོག པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་བོད་ཀྱི་གློག་བརྙན༼གཡང་མདའ་༽ལ་དུས་ཆེན་དེའི་བྱ་དགའ་ཆེ་ཤོས་ཏེ་གསེར་གྱི་མེ་ཏོག་ཕྲེང་བ་ཞེས་པའི་བྱ་དགའ་དང་། འཇའ་རིང་ཞེས་པའི་བྱ་དགའ། ཡང་གཞོན་སྐྱེས་དཔྱད་གཏམ་པའི་གློག་བརྙན་ལེགས་ཤོས་ཞེས་པ་བཅས་ཀྱི་བྱ་དགའ་དུ་མ་ཐོབ་ནས། ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་ཁས་ལེན་དང་མཚན་སྙན་ཐོབ་ཐེངས་ཆེས་མང་པའི་གློག་བརྙན་དུ་གྱུར་འདུག
         སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་ནི་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ཞིང་། དེ་ནི་རྒྱལ་སྤྱིའི་ལུས་རྩལ་རིགས་ཀྱི་གློག་བརྙན་དུས་ཆེན་ཆེ་ཤོས་དེ་ཡིན།
         གློག་བརྙན་༼གཡང་མདའ་༽ཡིས་མདོ་སྨད་གཙན་ཚའི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཡོད་པའི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རྒྱབ་ལྗོངས་བྱས་ཏེ། གྲོང་ཚོ་གཉིས་ཀྱི་ལོ་རེའི་མདའ་འཕེན་འགྲན་བསྡུར་གྱི་སྐད་གྲགས་ཆེ་བའི་མདའ་བ་གཉིས་དང་བུ་མོ་ཞིག(མདའ་བ་གཅིག་གི་ནུ་མོ་དང་གཅིག་གི་དགའ་རོགས་ཡིན)བཅས་བར་དུ་བྱུང་བའི་འགལ་བ་དང་བརྩེ་དུང་། འགྲིག་མཐུན་སོགས་བརྒྱུད་གནའ་བོའི་སྲོལ་རྒྱུན་གྱི་ད་ལྟ་བའི་གནས་བབ་དང་། དུས་རབས་གསར་བའི་བོད་པ་རྣམས་ཀྱིས་མི་རིགས་རང་གི་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་ཀྱིས་གོང་ནས་གོང་དུ་སྤེལ་བའི་གཏམ་རྒྱུད་ཅིག་མཚོན་ཡོད།
    སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་གྱི་རྟགས་མ།
    སྨི་ལན་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་དུས་ཆེན་གྱི་རྟགས་མ།
      

    ཕྱོགས་བསྡུས་གསར་འགྱུར།