འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཟི་ལིང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་
    གནད་དོན་༡༠བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་གཞུང་དོན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་གནད་དོན་༡༠བརྡ་ཁྱབ་བཏང་བ་རེད།
         ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་མངོན་གསལ་དོད་པའི་གནད་དོན་བཅུ་པོ་དེ་དག་ནི། གྲོང་ཤར་ཁུལ་སློབ་གསོ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ལས་ཀའི་སྒྲིག་ལམ་ལས་འགལ་བ་དང་། གྲོང་བྱང་ཁུལ་གཞོན་ནུ་བཟོ་པའི་ལས་དོན་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྡེ་ཁུལ་གྱི་ཀྲུའུ་རེན་གཅིག་ལྕོགས་རེན་ཞུའེ་ཀང་གི་ལས་ཀ་བསྒྲུབས་ཚུལ“ཉབ་བེ་ཉོབ་བེ”གྲོང་ནུབ་ཁུལ་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ལས་བཟོ་ཏིང་ཤིན་ལས་ཀར་མི་ཡོང་བ། གྲོང་དཀྱིལ་ཁུལ་གྲོང་ཁྱེར་དོ་དམ་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱི་ལས་བཟོས་ལས་ཀའི་སྒྲིག་ལམ་དང་འགལ་བ། གསེར་ཁོག་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཅུས་ཀྲང་སུང་ཆིན་ཧའེ་ཡི་ལས་གནས་འགན་འཛོལ། གསེར་ཁོག་རྫོང་མཐའ་བ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཡིའུ་ཀྲུང་གི་ལས་གནས་འགན་འཛོལ། ཙོང་ཁ་རྫོང་སྤྱི་བདེ་ཅུས་ལྟ་སྐུལ་དོ་དམ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཀན་ཕུའུ་ལུན་གྱི་ལས་གནས་འགན་འཛོལ། ཙོང་ཁ་རྫོང་ཀུན་ཁྱབ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ལི་ཐན་སེན་གྱི་ལས་གནས་འགན་འཛོལ། སྟོང་སྐོར་རྫོང་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཆོན་ཀྲུང་དང་ཧོ་ཅིས་ཝུའེ་ཡི་ས་ཞིང་བསྡུ་བའི་ལས་གནས་འགན་འཛོལ། སྟོང་སྐོར་རྫོང་མི་དམངས་སྨན་ཁང་གི་ཁ་ལོ་བ་ཏིང་ཧྥ་ཝུའེ་ཡིས་གཞུང་འཁོར་སྒེར་སྤྱོད་བྱས་པ་བཅས་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་སྒྲིག་ཁྲིམས་ལས་འགལ་མཁན་དེ་དག་ལ་སྲིད་འཛིན་གྱི་ཐ་ཚིག་བསྒྲགས་པ་མ་ཟད། ཁྱབ་ཁོངས་ཡོངས་སུ་བརྡ་ཁྱབ་སྐྱོན་བརྗོད་དང་། ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པ་སོགས་ཀྱི་ཆད་པ་བཅད་པ་དང་ཤུགས་རྐྱེན་ངན་པ་བཟོས་རིགས་ལས་གནས་ནས་ཕྱིར་འབུད་ཀྱི་ཐག་གཅོད་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།