འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་ལྟར་ན། ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་ཚེས་6ཉིན་སྐྲུན་འགོ་ཚུགས་པ་རེད།
         ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་ནི་ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཁྲའོ་དབྱང་མཚེའུ་ནས་འགོ་ཚུགས་ཏེ་མིང་ཧྲན་བརྒྱུད་གཡག་རྔ་བར་ཡིན་པ་དང་རིང་ཚད་ལ་སྤྱི་ལེ་42ཡོད་པ་རེད།
          ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ལྕགས་ལམ་དེ་བསྐྲུན་རྗེས།ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་གྲུབ་རྒྱུ་མ་ཟད།མང་ཚོགས་ཕྱིར་འགྲོ་རྒྱུ་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་མ་ཟད།སླད་ཕྱིན་ཁྲོན་བོད་ལྕགས་ལམ་རྣམ་གྲངས་ལག་བསྟར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།