འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྩ་ཆེའི་གནའ་གཞུང་ཁག་158རྒྱལ་ཁབ་རིམ་པའི་མིང་གཞུང་ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་09ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ།བོད་ལྗོངས་ཡིག་ཚགས་ཁང་། ནོར་བུ་གླིང་ཁ་དོ་དམ་ཁྲུའུ་སོགས་ཚན་པ་བཞི་“རྒྱལ་ཡོངས་ཀྱི་གཙོ་གནད་གནའ་གཞུང་ཉར་ཚགས་ཚན་པ”ལ་བདམས་པ་རེད། དེ་དང་ཆབས་ཅིག་ཕོ་བྲང་པོ་ཏ་ལ་དང་།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ནོར་བུ་གླིང་གས་སྐྱ་དགོན་བཅས་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆ་ཁག་124༼རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་གཞུང་མིང་གཞུང་༽ཁག་བཞི་པའི་ནང་ཚུད་པ་རེད། ད་ཆ་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་མིང་གཞུང་ནང་ཚུད་པའི་རྩ་ཆེའི་གནའ་གཞུང་ཁག་158ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན།2009ལོར་རྒྱལ་ཁབ་རིག་གནས་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་༼བོད་ཀྱི་གནའ་གཞུང་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་༽བཀྲམས་པ་དང་༼བོད་རང་སྐྱོང་ལྗོངས་ཀྱི་གནའ་གཞུང་སྲུང་སྐྱོབ་ལས་དོན་གྱི་ཇུས་གཞི་༽བཟོས་ནས་བོད་ཀྱི་གནའ་གཞུང་སྲུང་སྐྱོབ་ལས་དོན་གྱི་དམིགས་ཚད་དང་། ལས་འགན་གཙོ་བོ།འགན་སྲུང་བྱ་ཐབས་སོགས་ཁ་གསལ་བཏོན་པ་དང་། རྒྱལ་ཁབ་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་སུ་བོད་ཡིག་གི་གནའ་གཞུང་སྲུང་སྐྱོབ་ལས་དོན་ཚོགས་ཆུང་བཙུགས་པ་དང་འབྲེལ་ཀྲུང་ཧྭ་གནའ་གཞུང་སྲུང་སྐྱོབ་འཆར་གཞིའི་གྲོན་དངུལ་ཁྲོད་ནས་བོད་རང་སྐྱོང་ལྗོངས་ཀྱི་གནའ་གཞུང་སྲུང་སྐྱོབ་ཆེད་སྤྱོད་གྲོན་དངུལ་བཀོད་སྒྲིག་བྱས་ཏེ་གཙོ་བོ་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་དང་། སླར་གསོ།ཤེས་ལྡན་མི་སྣ་གསོ་སྦྱོང་། གྲངས་གཞི་ཅན་དང་དེ་བཞིན་ལེགས་སྒྲིག་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།