འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཀོང་པོའི་ལོ་སར་དགའ་གཏོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་02ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཀོང་པོའི་ལོ་སར་དགའ་གཏོང་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་བོད་ལྗོངས་ཀྱི་ཆེས་སྔ་བའི་ལོ་གསར་ཏེ་ཀོང་པོའི་ལོ་གསར་གཏོང་འགོ་ཚུགས་པ་རེད། ཉིང་ཁྲི་རྫོང་སྤེ་པ་གྲོང་རྡལ་གྱི་ཀྲང་པ་གྲོང་ཚོ་ནི་ཀོང་པོའི་ལོ་གསར་སྐབས་ཀྱི་ཆེས་འདུ་འཛི་ཆེ་བའི་ས་གནས་ཤིག་ཡིན་ཞིང་། དེ་གར་ད་ལྟའི་བར་དུ་སྒོ་ཁྱི་ལ་ཞིམ་ཟས་རོལ་དུ་འཇུག་པ་དང་། ལོ་ལེགས་ལྷ་མོ་ལ་མཆོད་པ་སོགས་ཀོང་པོའི་ལོ་གསར་གྱི་དམངས་སྲོལ་རྒྱུན་འཛིན་ཐུབ་ཡོད་པས། གྲོང་ཚོ་དེ་རུ་ཀོང་པོའི་ལོ་གསར་གྱི་ཉམས་འགྱུར་གཏིང་ཟབ་པོ་ཚོར་མྱོང་བྱེད་ཐུབ། ངོ་སྤྲོད་ལྟར་ན་ཀོང་པོ་ལོ་སར་དེ་བོད་རྩིས་ཀྱི་ཟླ་༡༠ཚེས་༡ཉིན་ནས་ཚེས་༧ཉིན་བར་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཀོང་པོའི་ལོ་སར་དགའ་གཏོང་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།