འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་རྫོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་
    ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བདེ་ཆེན་རྫོང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་ཆེན་དེ་རྫོང་དེའི་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཚོམས་ཆེན་དུ་འཚོགས་ཤིང་། སྒྲོག་འགྲེལ་ཚོགས་ཆེན་ཐོག་ཡུན་ནན་སྲིད་འཛིན་སློབ་གླིང་ཁྲིམས་རིག་སློབ་དཔྱོད་པུའི་སློབ་དཔོན་ཆེ་མོ་ཅི་ལུང་ཧྭ་གདན་འདྲེན་ཞུས་ནས་ཆེད་དོན་སྒྲོག་འགྲེལ་གྱི་ཟུར་ཁྲིད་བྱས་པ་རེད།
         སྒྲོག་འགྲེལ་ཚོགས་ཆེན་ཐོག་ཅི་ལུང་ཧྭས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་དམ་པོར་དམིགས་ནས་ཚང་མར་སྙན་ཞུ་ཡག་པོ་ཞིག་བྱས་ཤིང་། སྙན་ཞུ་དེའི་ནང་ཁྱོན་ཡོངས་དང་། རིམ་པ་མང་བ། ཡང་དག་པ། གནད་དུ་འཕིགས་པ་བཅས་ཀྱི་ཐོག་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། སྤྱིའི་བསམ་ཕྱོགས། བྱེད་ཐབས་གལ་ཆེན་བཅས་དང་དེ་བཞིན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཙོ་གནད་ལས་འགན་རྒྱས་བཤད་བྱས་པ་རེད།
         སྙན་ཞུ་ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་རྒྱུ་ནི་བདེ་ཆེན་རྫོང་གི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རྫོང་དེ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཡང་དག་ཆུད་པར་བྱས་ཁར། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་གྱིས་བདེ་ཆེན་རྫོང་ཁྲིམས་ལྟར་སྐྱོང་བའི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་གཏོང་དགོས་པ་དང་། རིམ་ཁག་ཏང་ཨུད་(ཏང་ཙུའུ)ལྟེ་བའི་ཚོགས་ཆུང་གིས་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་གཞི་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཚང་འཛོམས་གྲོས་ཚོགས་ཀྱི་སྒྲོག་འགྲེལ་པའི་ལས་འགན་འཁུར་ནས་རྫོང་དེ་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དེ་གྲོང་གསེབ་དང་། སྡེ་ཁུལ། ལས་ཁུངས། ཁེ་ལས། སློབ་གྲྭ། དགོན་སྡེ་བཅས་སུ་དར་བར་བྱེད་དགོས་པ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་འདི་ལོའི་དམིགས་ཚད་ལས་འགན་དོན་འཁྱོལ་དམ་འཛིན་བྱེད་རྒྱུ་དང་སང་ལོའི་ལས་དོན་བཀོད་སྒྲིག་བྱེད་རྒྱུ་ཟུང་འབྲེལ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་བཅས་ཀྱི་ལས་དོན།“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་སྐྱོང་བ། མི་སེམས་ཐོབ་པར་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་བོད་སྐྱོང་ཇུས་ཆེན་བཅས་དང་ཟུང་འབྲེལ་གྱིས་ཁྲིམས་ལྟར་རྫོང་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་གང་ཐད་དུ་ཁྱབ་པར་བྱས་པའི་ཁར་ཁྲིམས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་དང་ཁྲིམས་ལྟར་སྲིད་འཛིན་པ་དང་། ཁྲིམས་ལྟར་རེ་བ་ཞུ་བ། ཁྲིམས་ལྟར་ཐག་གཅོད་བྱེད་པ། ཁྲིམས་ལྟར་དོ་དམ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་བདེ་ཆེན་རྫོང་གི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཁྲིམས་སྐྱོང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་བཅས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།