འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དར་མདོའི་གེགས་ཁུལ་ལ་བསྔོ་སྨོན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣ཉིན་གྱི་སྔ་དྲོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་ནས་སི་ཁྲོན་གྱི་དར་མདོའི་གེགས་ཁུལ་ལ་བསྔོ་སྨོན་གནང་ཞིང་། ཁོང་གིས“དར་མདོའི་མི་རིགས་ཁག་གི་མང་ཚོགས་དང་སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་ལས་མྱུར་དུ་གྲོལ་ནས་འཚོ་བ་སྔར་བཞིན་སྐྱེལ་རྒྱུ་ཡོང་བ་དཀོན་མཆོག་གསུམ་གྱི་གཟིགས་པས་ནམ་ཡང་མི་གཡོ་བར་གྱུར་ཅིག”ཅེས་གསུངས་པ་རེད།
          པེ་ཅིང་གི་དུས་ཚོད་ཟླ་༡༡ཚེས་༢༢ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༥ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྩེ་མདོ་རྫོང་ལ་ས་ཡོམ་རིམ་པ་༦.༣བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་༡༨ཙམ་ཟིན་པ་རེད། ཚེས་༢༣ཉིན་གྱི་ཆུ་ཚོད་༡༡དང་སྐར་མ་༣༠བར་དར་རྩེ་མདོ་རྫོང་དུ་བརྒྱབ་པའི་ས་ཡོམ་ནང་མི་༤རྐྱེན་ལམ་དུ་ཤོར་བ་དང་། མི་༥༤ལ་རྨས་སྐྱོན་ཕོག་པ། མི་༧༩༥༠༠ལྷག་ཙམ་ལ་གནོད་འཚེ་ཕོག་པ། ཐེམ་དུད་༢.༥ལྷག་ཙམ་གྱི་ཁང་པ་རྡིབ་པ། མང་ཚོགས་༦༢༠༠ལྷག་ཙམ་གནས་སྤོ་བྱས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།