འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་བལ་ཡུལ་གྱི་བོད་ལྗོངས་དང་འབྲེལ་མཚམས་ཡོད་པའི་ས་ཁུལ་གྱི་འཕེལ་
    རྒྱས་ལ་རོགས་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོ་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱིས་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་གྲོང་ཁྱེར་དུ་བརྗེད་ཐོ་ལ་མིང་རྟགས་བཀོད་དེ་བལ་ཡུལ་གྱི་བོད་ལྗོངས་དང་འབྲེལ་མཚམས་ཡོད་པའི་བྱང་ཕྱོགས་ས་ཁུལ་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
         བལ་ཡུལ་གྱི་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ་དང་བལ་ཡུལ་རྒྱལ་ཕྲན་མཉམ་འབྲེལ་དོན་གཅོད་ཁང་དང་ས་གནས་འཕེལ་རྒྱས་པུའི་མཉམ་འབྲེལ་དྲུང་ཡིག་ཕུར་ནཱ·པ་ཐེ་ལ་དབྱི་རྣམ་གཉིས་ཀྱིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་བརྗེད་ཐོར་མིང་རྟགས་བཀོད་པ་རེད།
         བརྗེད་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་༢༠༡༤ནས་༢༠༡༨ལོ་བར་ལོ་ལྟར་མི་དམངས་ཤོག་སྒོར་ཁྲི་༡༠༠༠(ཧ་ལམ་ཨ་སྒོར་ཁྲི་༡༦༣དང་མཚུངས)ཞལ་འདེབས་ཕུལ་ནས་བལ་ཡུལ་གྱི་བོད་ལྗོངས་དང་འབྲེལ་བའི་བྱང་རྒྱུད་ཀྱི་དབུལ་པོའི་རྫོང་༡༥ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞིང་། མ་དངུལ་དེ་དག་བདེ་ཐང་འཕྲོད་བསྟེན་དང་། སློབ་གསོ། གཞུང་ལམ་ཉམས་གསོ་སོགས་རྣམ་གྲངས་ཆུང་གྲས་ཐད་སྤྱད་དེ་ས་གནས་དེ་གའི་མི་སེར་གྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
         ཀྲུང་བལ་ཕྱོགས་གཉིས་ཀས་ད་དུང་ཇི་ལྟར་བྱས་ནས་ཧི་མ་ལ་ཡའི་ས་ཁུལ་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཁོར་ཡུག་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་ལ་ཡང་དཔྱད་མོལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།