འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།>>རིག་གནས།

    ༄༅།།ཉིང་ཁྲི་ས་ཁུལ་གྱི་མང་ཚོགས་ཚོས་ཀོང་པོའི་ལོ་གསར་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་26ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣ཉིན་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མང་ཚོགས་ཚོས་ཀོང་པོའི་ལོ་གསར་བཏང་ཞིང་། ཞོགས་པ་སྔ་མོ་ནས་མི་རྣམས་ཀྱིས་མི་རིགས་ཀྱི་གྱོན་ཆས་གྱོན་ཞིང་མཆོད་རྫས་ཁྱེར་ནས་ཞིང་ཁར“ལོ་ལྷ”མཆོད་པར་བསྐྱོད་པ་དང་། གླུ་ལེན་གར་འཁྲབ་ཀྱི་རྣམ་པའི་ཐོག་ནས་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་བཏབ་སྟེ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བཏང་བ་རེད།
         ཀོང་པོའི་ལོ་གསར་ནི་བོད་ཤར་ལྷོ་རྒྱུད་ཀྱི་ཉིང་ཁྲི་ས་ཁུལ་གྱི་དུས་ཆེན་གལ་ཆེན་ཞིག་ཡིན་ལ་ལོ་རེའི་བོད་ཟླ་༡༠ཚེས་༡ཉིན་ནས་བཟུང་གཏོང་འགོ་ཚུགས་ཀྱི་ཡོད་པ་རེད། ལོ་གསར་སྐབས་ས་གནས་དེ་གའི་མང་ཚོགས་ཀྱིས“ལོ་ལྷ”མཆོད་པ་དང་རྟ་རྒྱུག་མདའ་འཕེན་སོགས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།