འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།དར་མདོ་རྫོང་འཁོབ་ཡུལ་ཤང་དུ་སྐྱོད་པའི་གཞུང་ལམ་མྱུར་བཟོ་བྱས་ཏེ་རླངས་འཁོར་
    ཤར་གཏོང་ཐུབ་པར་གྱུར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དར་མདོ་རྫོང་འཁོབ་ཡུལ་ཤང་དུ་སྐྱོད་པའི་གཞུང་ལམ་མྱུར་བཟོ་བྱས་ཏེ་རླངས་འཁོར་
ཤར་གཏོང་ཐུབ་པར་གྱུར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༢ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༥སྐབས་དར་རྩེ་མདོའི་རྫོང་ཁོངས་སུ་ས་ཡོམ་རིམ་པ་༦.༣བྱུང་བས། དར་མདོ་རྫོང་ནས་འཁོབ་ཡུལ་ཤང་དུ་སྐྱོད་པའི་གཞུང་ལམ་ S211གི་དཔང་ལང་རྒྱུད་དུ་རི་ཉུལ་ནས་འཁོབ་ཡུལ་ཤང་དུ་སྐྱོད་པའི་གཞུང་ལམ་བཀག་པ་རེད། ཟླ་༡༡ཚེས་༢༣ཉིན་གྱི་ཆུ་ཚོད་༡༥ཡི་སྐབས་དར་མདོ་རྫོང་ཧང་ཅིན་ཕིང་ཆུ་གློག་ས་ཚིགས་སྐྲུན་མཁན་བཟོ་སྐྲུན་དམག་དང་ཉེན་རྟོག་དྲག་དཔུང་གི་ཆུ་གློག་ཡན་ལག་རུ་ཁག་གཉིས་པས་དུས་དང་པོར་མི་སྣ་ཧྲག་པོ་༡༤མངགས་ཏེ་ཉེན་སེལ་མྱུར་བཟོའི་འཕྲུལ་འཁོར་༥བཏང་ནས་མགྱོགས་མྱུར་དུ་རི་ཉིལ་སར་བསྐྱོད་དེ་ས་རྡོ་བཤངས་པ་དང་གཞུང་ལམ་མྱུར་བཟོ་ཆུ་ཚོད་༢༥བྱས་པ་བརྒྱུད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པར་གྱུར་ཞིང་། མྱུར་སྐྱོབ་དངོས་ཟོག་ཟམ་མ་ཆད་པར་གེགས་ཁུལ་དུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】
    ༄༅།།དར་མདོ་རྫོང་འཁོབ་ཡུལ་ཤང་དུ་སྐྱོད་པའི་གཞུང་ལམ་མྱུར་བཟོ་བྱས་ཏེ་རླངས་འཁོར་
ཤར་གཏོང་ཐུབ་པར་གྱུར་བ།
      

    ཕྱོགས་བསྡུས་གསར་འགྱུར།