༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ཕྱི་ལོའི“ཁུལ་གསུམ”དགེ་རྒན་གྱི་ཁ་གསབ་མ་དངུལ་སྒོར་
དུང་ཕྱུར་༡.༥༨སྔ་སྣུར་དུ་གཤམ་སྤྲོད་བྱས་པ།
གསར་འགྱུར་སྤེལ་དུས། 【2014ལོའི་ཟླ་ 11ཚེས་27ཉིན། 09:29】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ས་གནས་སྔོན་རྩིས་ཀྱི་འཐུས་ཚང་རང་བཞིན་ཆེ་རུ་གཏོང་ཆེད་ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་དུས་༢༠༡༥ལོར“ཁུལ་གསུམ”དུ་དགེ་རྒན་འདེམས་གཏོང་ལས་དོན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་༡.༥༨སྔ་སྣུར་དུ་གཤམ་སྤྲོད་བྱས་ཏེ་ཐག་རིང་དབུལ་པོའི་ས་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་བཅས་སུ་༢༠༡༥ལོའི་ལོ་སྟོད་དུ་མངགས་པའི་དགེ་རྒན་གྱི་ཁ་གསབ་གྲོན་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད། ༢༠༡༥ལོར་ཞིང་ཆེན་ཁག་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་འདེམས་གཏོང་གི་གཞི་ཁྱོན་ལ་བསྐྱར་དུ་ཞིབ་བཅད་བྱས་རྗེས་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ཆེན་ཁག་གི“ཁུལ་གསུམ”དུ་དགེ་རྒན་འདེམས་གཏོང་ལས་དོན་གྱི་གྲོན་དངུལ་སྔོན་རྩིས་ལ་བསྐྱར་དུ་ཞིབ་བཅད་བྱ་རྒྱུ་ཡིན་པ་མ་ཟད། མང་འཕྲི་ཉུང་གསབ་ཀྱི་རྩ་དོན་གཞིར་བཟུང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གྲོན་དངུལ་གྱི་སྔོན་རྩིས་སྙོམས་སྒྲིག་བྱ་རྒྱུ་ཡིན་པ་རེད།