འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་དང་པོ་ནས་ཟླ་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་
    དུས་མཚུངས་ལས་འཕར་ཚད་བསྐྱར་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ཀྱི་ཐོག་ནས་མངོན་པར་གཞིགས་ན། ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་དང་ཁྲལ་དངུལ་དུས་མཚུངས་ལས་འཕར་ཚད་བསྐྱར་འཕར་བྱུང་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་གྱི་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་༣༩༣༡༧༡.༥ཟིན་ནས་དུས་མཚུངས་ལས་༤.༥%འཕར་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་༢༠༨༤༣.༣ཟིན་ནས་དུས་མཚུངས་ལས་༦.༡%འཕར་ཡོད།
         ལས་རིགས་གཙོ་བོའི་ཁེ་སྤོགས་བྱུང་ཚུལ་ལ་བལྟས་ན་ཟླ་བ་དང་པོ་ནས་བཅུ་པའི་བར་ལྕགས་དང་ངར་ལྕགས་དང་། འགྲིམ་འགྲུལ། རླངས་འཁོར། ཨར་ལས། གློག་ཤུགས་སོགས་ཀྱི་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་དུས་མཚུངས་ལས་འཕར་བ་དང་མདོག་ལྡན་ལྕགས་རིགས་དང་། རྡོ་སོལ། རྫས་འགྱུར་བཟོ་ལས། རྡོ་སྣུམ། ཡིག་ཟམ་གློག་འཕྲིན་སོགས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་ཆག་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།