འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་ལུང་ཁུག་སློབ་ཆུང་ལ་གློག་འོད་འཕྲོ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ས་མཐོའི་ལུང་ཁུག་སློབ་ཆུང་ལ་གློག་འོད་འཕྲོ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་རག་སྟོད་ལྟེ་བའི་ཞག་སྡོད་ལམ་ལུགས་སློབ་ཆུང་དུ་རྒྱལ་ཁབ་གློག་དྲ་ཀྲེ་ཅང་ཞིང་ཆེན་གློག་ཤུགས་ཀུང་སིས་རོགས་སྐྲུན་བྱས་པའི་ཆན་ཝ་༥༠ཡི་འོད་ཤུགས་གློག་ཁང་གིས་འཁོར་སྐྱོད་ཚོད་ལྟའི་ཞིབ་བཤེར་རྩིས་ལེན་བྱས་ཏེ་སློབ་གྲྭ་ཡོངས་སུ་གློག་གཏོང་འགོ་ཚུགས། དེ་ཐོག་ནས“ཡུལ་ཤུལ་དུ་འོད་སྣང་འཕྲོ་བར་བྱེད”ཅེས་པའི་སྤྱི་ཕན་རྣམ་གྲངས་ཀྱིས་ཡུལ་ཤུལ་གྲོང་ཁྱེར་གྱི་མཐོ་སྒང་གི་རྒྱང་རིང་ལུང་ཁུག་ཏུ་གློག་མེད་པའི་ཤང་དང་གྲོང་ཚོའི་སློབ་ཆུང་ཁག་ཏུ་གློག་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད། འདི་ནི་མཐོ་ཚད་སྨི་༤༠༠༠ལྷག་ཙམ་ཟིན་པའི་ཡུལ་ཤུལ་གྲོང་ཁྱེར་སུ་རུག་སྨད་གྲོང་ཚོའི་ཞག་སྡོད་སློབ་ཆུང་སློབ་མ་ཚོས་སློབ་ཁང་དཀར་གསལ་དུ་གྱུར་པར་དགའ་བསུ་ཞུ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།