འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་ཁྱིམ་ཚང་ཁྲི་བཅུ་ལ་
    རོགས་སྐྱོབ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ཤར་ཚུན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དོ་དམ་བྱེད་སྟངས་གསར་གཏོད་བྱ་རྒྱུ། ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ཅིང་། སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ་དགུན་དུས་སུ་དཀལ་ངལ་ཆེ་བའི་མི་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྤེལ་བས་མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོབ་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་<<སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་>>ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་བྱ་ཐབས་ཁག་ཞིབ་ཕྲ་བཟོ་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་འདི་ལོ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། བསམ་ཕྱོགས་ཁ་གསལ་བཟོས་པ་མ་ཟད། ད་དུང་ཞིང་ཆེན་སྲིད་གཞུང་ལ་<<<སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་>ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་>>ཞིབ་འཇུག་བྱས་ནས་འདོན་རྒྱུའི་རེ་འདུན་ཡང་ཞུས་ཡོད། སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་བྱེད་ཐབས་ཁག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་།“ཛ་དྲག་དཀའ་ཆེའི་སྐྱོབ་རོགས”ལས་དོན་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་སྐྱོབ་རོགས་ལས་དོན་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཁག་ཚན་རིག་དང་མཐུན་པ་དང་གཅིག་གྱུར་འཆར་འགོད་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་བླང་བྱ་ཞིབ་ཕྲ་བཏོན་པ་དང་། སྤྱི་ཚོགས་སྐྱོབ་རོགས་བྱ་གཞག་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་བཅའ་ཁྲིམས་ཐོག་ནས་འགན་ལེན་བྱས་པ། དེ་བཞིན་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་བྱེད་ཐབས་ཁག་ཞིབ་ཕྲ་བཟོ་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་གནས་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་བཅས་ལ་སྲིད་ཇུས་ཐོག་ནས་འགན་ལེན་དང་ལམ་ལུགས་ཐོག་ནས་རྒྱབ་སྐྱོར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།