འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་
    ལག་བསྟར་བྱས་ནས་ལོ་༣༠འཁོར་བར་དྲན་གསོ་ཞུ་བའི་འགྲེམས་སྟོན་གཉེར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་27ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་>>ལག་བསྟར་བྱས་ནས་ལོ་༣༠འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཆེ་གྲས་གཉེར་བ་རེད། འགྲེམས་ཡུན་ཟླ་བ་གཅིག་ཡིན་པ་དང་འགྲེམས་སྟོན་དམངས་འཚོ་དང་། མི་རིགས། ཆོས་ལུགས། སྣོད་བཅུད་སོགས་ཁག་༧དུ་དབྱེ་ཡོད་པ་མ་ཟད། དཔེ་རིས་དང་། བརྙན་ལམ། དངོས་རྫས་སོགས་ལ་བརྟེན་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུན་གྱི་གྲུབ་འབྲས་མཚོན་པར་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་༡༩༦༥ལོར་དབུ་བརྙེས་ཚུན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་༢༩༠ལྷག་གཏན་ལ་ཕབ་ཅིང་། རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ཁག་མང་པོར་བོད་ཀྱི་ཁྱད་ཆོས་དང་འཚམ་པའི་ལག་བསྟར་བྱེད་ཐབས་བཟོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།