འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།>>རིག་གནས།

    ༄༅།།བོད་ལྗོངས་མངའ་རིས་ས་ཁུལ་གྱི་<<མངའ་རིས་ཚགས་པར་>>དངོས་སུ་ཕྱི་ཕྱོགས་ལ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༨ཉིན་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་<<མངའ་རིས་ཚགས་པར་>>དངོས་སུ་ཕྱི་ཕྱོགས་ལ་བཏོན་པ་ལས་མངའ་རིས་ས་ཁུལ་དུ་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་པའི་ས་གནས་ཀྱི་ཏང་གི་ཚགས་པར་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་<<མངའ་རིས་ཚགས་པར་>>དེ་ཉིད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་༧གྱི་ནང་ནས་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་སྟེ་གཉེར་བའི་ས་ཁུལ་ཏང་ཨུད་ལས་ཁུངས་ཀྱི་ཚགས་པར་མཇུག་ཤོས་ལ་གྱུར་ཡོད།
         <<མངའ་རིས་ཚགས་པར་>>གྱི་ལོ་རྒྱུས་དུས་རབས་གོང་མའི་ལོ་རབས་༥༠པའི་སྐབས་བར་འདེད་ཆོག དེ་ནི་བོད་སྐྱོད་སྔོན་བསྐྱོད་ལེའང་གིས་བཏོན་པའི་<<དམག་འཐབ་ཚགས་པར་>>ཡིན་ཞིང་། ཕྱིས་སུ་རྒྱུ་རྐྱེན་སྣ་ཚོགས་དབང་གིས་འདོན་མཚམས་བཞག་པ་དང་། དུས་རབས་གོང་མའི་ལོ་རབས་༩༠པའི་དུས་དཀྱིལ་ལ་མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་བསྐྱར་དུ་པར་འགྲེམས་བྱེད་སྐབས་<<མངའ་རིས་ཚགས་པར་>>ཞེས་པར་མིང་བསྒྱུར་ཏེ་རྒྱུན་མཐུད་ནས་འདོན་པའི་ནང་ཁུལ་གྱི་དཔྱད་གཞིའི་ཚགས་པར་ཞིག་ཏུ་གྱུར་ལ་རྒྱ་ཡིག་ཚགས་པར་དེ་ཟླ་ཕྱེད་ནང་ཐེངས་རེ་ལས་འདོན་གྱི་མེད། ༢༠༡༢ལོར་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ཐད་<<མངའ་རིས་ཚགས་པར་>>གྱི་ལས་སྟེགས་གཙོ་བོའི་ནུས་པ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་ཆེད་<<མངའ་རིས་ཚགས་པར་>>དེ་ཉིད་ཟླ་ཕྱེད་ལ་ཐེངས་རེ་འདོན་པ་ནས་གཟའ་འཁོར་རེར་ཐེངས་རེ་འདོན་པ་མ་ཟད་བོད་ཡིག་ཚགས་པར་ཡང་བཟོས་ཡོད།
          རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་གྱི་ཤར་རླུང་འདུ་འགོད་ཀྱིས་<<མངའ་རིས་ཚགས་པར་>>ལ་ཁྱོན་བསྡོམས་དངུལ་སྒོར་ཁྲི་༨༧༤བཏང་སྟེ་དུས་འགོའི་འཚོལ་སྒྲིག་ནས་དུས་མཇུག་གི་པར་འདེབས་བར་གྱི་སྒྲིག་ཆས་དང་སྒྲིག་བཀོད་ཡོད་ཚད་སྔར་བས་ཡག་ཏུ་སོང་སྟབས་ཚགས་པར་ཚད་དང་ལྡན་པ་ཡོང་བར་ཕན་པ་ཆེན་པོ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།