འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་འབྲོག་དུད་ཚང་བརྒྱ་ཆ་དགུ་བཅུ་ཡན་གྱིས་རླུང་བརྙན་འཕྲིན་ལ་
    ལྟ་ཉན་ཐུབ་ཀྱི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་འཚོགས་པའི་རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་རླུང་བརྙན་འཕྲིན་གྱི་ཁ་གཏད་བོད་སྐྱོར་གྱི་སྦྲེལ་མཐུད་ཚོགས་འདུའི་ཐོག་ཤེས་རྟོགས་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་རླུང་བརྙན་འཕྲིན་དུད་ཚང་ཀུན་ལ་ཁྱབ་པའི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད། མིག་སྔར་བོད་ལྗོངས་ཀྱི་ཞིང་འབྲོག་དུད་ཚང་བརྒྱ་ཆ་དགུ་བཅུ་ཡན་གྱིས་རླུང་བརྙན་འཕྲིན་ལ་ལྟ་ཉན་ཐུབ་ཀྱི་ཡོད་པ་རེད།
         རླུང་བརྙན་འཕྲིན་དུད་ཚང་ཀུན་ཁྱབ་འདུ་འགོད་ཀྱིས་བརྙན་འཕྲིན་དང་རླུང་འཕྲིན་གྱི་ལེ་ཚན་མཁོ་འདོན་ཐུབ་པ་ཕུད། ཞིང་འབྲོག་པས་ད་དུང་ཞིང་འབྲོག་ལས་དང་འབྲེལ་བ་ཡོད་པའི་གནས་གཤིས་དང་། ཞིང་ལས་ཚན་རྩལ། ཞིང་ལས་ཐོན་ཟོག་གི་རིན་གོང་གི་འགྱུར་ལྡོག་སོགས་ཞབས་ཞུའི་རིགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱས་ཆོག་པས་ཞིང་འབྲོག་པས་ཐོན་སྐྱེད་བཀོད་སྒྲིག་དང་ཞིང་ལས་ཐོན་ཟོག་ཉོ་ཚོང་བྱེད་པའི་ཐད་ཆ་འཕྲིན་གྱི་འདེགས་སྐྱོར་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།