འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་རྒྱ་ཁྱོན་ལོ་14ཡི་ནང་ཆེ་ཤོས་སུ་གྱུར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་20ཉིན། 08:27】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཁང་ནས་ཤེས་རྟོགས་ལྟར་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། མིག་སྔར་ལོ་14ནང་གི་ཆེ་ཤོས་སུ་གྱུར་ཡོད་པ་རེད། ཟླ་9པའི་ཟླ་མཇུག་བར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་4408.81ཟིན་ནས་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་གྲུ་བཞི་12.56ཆེ་རུ་ཕྱིན་པ་དང་། 2001ལོ་དང་བསྡུར་ན་ལོ་14ཡི་ནང་དུས་མཚུངས་ལས་ཆ་སྙོམས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་106.76མང་དུ་ཕྱིན་ཡོད་པ་རེད། 
         མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་ས་མཐོའི་ནང་གི་ཚྭ་མཚེའུ་ཆེ་ཤོས་ཡིན་ལ་རང་རྒྱལ་གྱི་ས་ཁུལ་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་མཚོན་བྱེད་ཀྱི་མེ་ལོང་ལྟ་བུའང་ཡིན་པས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་གི་ཁྱད་ཆོས་དང་དེ་བཞིན་འགྱུར་ལྡོག་འགྲོ་ཚུལ་ཐོག་ནས་མཚོ་བོད་མཐོ་སྒང་གི་སྣོད་བཅུད་ཁོར་ཡུག་ཧྲིལ་པོ་འགྱུར་ལྡོག་འགྲོ་ཚུལ་རྟོགས་ཐུབ་བོ། །
      

    ཕྱོགས་བསྡུས་གསར་འགྱུར།