འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ན་གོར་མོའི་སྔོན་གཤེགས་དཔའ་བོའི་བང་སོ།

    མི་དམངས་དྲ་བའི་གསར་འགོད་པ། སྙིང་ལྕགས་རྒྱལ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ན་གོར་མོའི་སྔོན་གཤེགས་དཔའ་བོའི་བང་སོ།
        ཟླ་༡༠ཚེས་༡༤ཉིན་མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་གྱི་གསར་འགོད་བཅའ་འདྲི་ཚོགས་པ་ན་གོར་མོ་གྲོང་ཁྱེར་དུ་ཡོད་པའི་ན་གོར་མོའི་སྔོན་གཤེགས་དཔའ་བོའི་བང་སོ་རུ་སླེབས། ན་གོར་མོ་སྔོན་གཤེགས་དཔའ་བོའི་བང་སོ་ནི་སྤྱི་ལོ་༡༩༨༡ལོར་གསར་དུ་སྐྲུན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༥༠ཡོད་པ་རེད། ད་སྔ་བང་སོ་དེའི་ནང་མཚོ་བོད་གཞུང་ལམ་འཛུགས་སྐྲུན་སྐབས་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་དང་། མཚོ་བོད་ལྕགས་ལམ་ལས་གྲྭ་དང་པོའི་འཛུགས་སྐྲུན་སྐབས་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ། ན་གོར་མོ་ནས་ལྷ་སར་སྣུམ་སྐྱེལ་སྦུག་མདོང་སྐྲུན་པའི་སྐབས་སུ་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ། དེ་བཞིན་མཐོ་སྒང་གི་གྲོང་ཁྱེར་གསར་པ་ན་གོར་མོ་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་ཚེ་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོ་བཅས་ཁྱོན་བསྡོམས་མི་༣༣༠ལྷག་ཙམ་གྱི་རུས་ཐལ་སྦས་ཡོད་པ་རེད།
    ༄༅།།ན་གོར་མོའི་སྔོན་གཤེགས་དཔའ་བོའི་བང་སོ།
    ༄༅།།ན་གོར་མོའི་སྔོན་གཤེགས་དཔའ་བོའི་བང་སོ།
      

    ཕྱོགས་བསྡུས་གསར་འགྱུར།