འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ཤང་ཚང་མར་བྱིས་གཉོར་ཁང་བཙུགས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        བྱིས་པ་བྱིས་གཉོར་ཁང་དུ་འཇུག་རྒྱུ་ནི་ཁྱིམ་བདག་མི་ཉུང་བ་ཞིག་གི་ཆེས་ཐུགས་ཁུར་བྱེད་པའི་གནད་དོན་ཡིན་ལ། ཉེ་བའི་ལོ་རིང་། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་འབྲོག་ཁུལ་གྱི་སློབ་གྲྭ་མ་སོང་གོང་གི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས། མུ་མཐུད་དུ་སྲིད་ཇུས་ཀྱི་དབུལ་སྐྱོར་ཤུགས་ཚད་ཆེ་རུ་བཏང་། 2011 ལོར་ཕྱོགས་ཡོངས་ནས་སློབ་གྲྭ་མ་སོང་གོང་གི་སློབ་གསོའི་ལོ་གསུམ་གྱི་ལག་བསྟར་འཆར་གཞི་ལག་བསྟར་བྱས་ ཤིང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་མི་རིགས་ས་ཁུལ་གྱི་བྱིས་གཉོར་ཁང་འཛུགས་ སྐྲུན་གྱི་སྒྲིག་གཞིའི་བསྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་སའི་ལས་གཞི་ཟབ་སྤེལ་བྱས་ནས། སློབ་གྲྭར་མ་སོང་གོང་གི་སྤྱི་པའི་ཞབས་ཞུ་མ་ལག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། མིག་སྔའི་བར་དུ། རྫོང་ཡོངས་སུ་བྱིས་གཉོར་ཁང་བཅུ་བཙུགས་ནས་ཤང་སོ་སོར་བྱིས་གཉོར་ཁང་གཅིག་རེ་ཡོད་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་པ་རེད།
        རྒྱས་ལོན་པ་ལྟར་ན། 2011ལོ་ནས་བཟུང་། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་མ་དངུལ་སྒོར་ བྱེ་བ་གཉིས་དང་ས་ཡ་གསུམ་འབུམ་བརྒྱད་ལྷག་བཏང་ནས། བྱིས་གཉོར་ཁང་སྨི་གྲུ་བཞི་ མ་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་ལྷག་གསར་སྐྲུན་དང་སྒྱུར་སྐྲུན་བྱས། དུས་མཚུངས་སུ། རྫོང་གིས་འབྲོག་སྡེའི་བྱིས་གཉོར་ཁང་གི་བཅུད་ལྡན་ཟ་མ་ལེགས་བཅོས་འཆར་གཞིའི་ཁ་གསབ་རོགས་དངུལ་སྒོར་འབུམ་གཉིས་སྟོང་ལྔ་དངོས་འབེབས་བྱས་ཏེ། འབྲོག་སྡེའི་བྱིས་པ་མི་ ཐེངས་ལྔ་བརྒྱ་གྱ་བཞི་ལ་ཕན་ཐོགས། ད་ལོ་ཡང་བྱིས་པ་རེ་ལ་ལོ་རེར་སྒོར་དྲུག་བརྒྱའི་ཚད་གཞི་ལྟར་བྱིས་པ་རྫོང་རིམ་ནོར་སྲིད་སྔོན་རྩིས་ནང་དུ་བཀོད་ནས། འབྲོག་སྡེའི་སློབ་གྲྭ་མ་ སོང་གི་བྱིས་པ་བྱིས་གཉོར་ཁང་དུ་སྐྱེལ་བའི་དགོས་མཁོ་སྐོང་ཐབས་བྱས་པ་རེད།
          ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རིན་ཆེན་སྐྱིད་ཀྱིས།
      

    ཕྱོགས་བསྡུས་གསར་འགྱུར།