འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་རྒྱུན་ཚད་ལྡན་ཡིག་ཆ་ཁག་800ལྷག་ཙམ་
    གྲངས་གཞི་ཅན་ལ་སྒྱུར་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་16ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་11ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་སྒྲིག་འཛུགས་ཞིབ་སྤེལ་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་ལ་འགྱུར་བ་དང་དཔེ་སྟོན་འཛུགས་སྐྱོང་གི་རྣམ་གྲངས་རིགས་གཅིག་མཁས་ཅན་གྱི་ཞིབ་བཤེར་རྩིས་ལེན་བྱུང་བ་དེ་ཐོག་ནས་སྤྱི་ལོའི་དུས་རབས་8པ་ཚུན་གྱི་དེབ་རྐྱང་པ་དང་རྩ་ཆེའི་དེབ་ཁག་གཅིག་ཚུད་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་རྒྱུན་ཚད་ལྡན་ཡིག་ཆ་ཁག་800ལྷག་ཙམ་གྲངས་གཞི་ཅན་ལ་སྒྱུར་ཏེ་དྲ་ཐོག་ནས་ཞིབ་དཔྱད་བཙལ་འཚོལ་བྱེད་ཆོག་པ་མཚོན་ཡོད། དེ་དང་ཆབས་ཅིག་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་གི་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་ལ་བསྒྱུར་བ་དང་དཔེ་སྟོན་འཛུགས་སྐྱོང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་མིག་སྔར་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།