འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཁ་གསལ་བྱུང་ཡོད།མཛུབ་ཁྲིད་བསམ་བློ་དེ་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ་དང་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འདུན་པ་ཁྱོན་ཡོངས་ནས་མཚོན་ཡོད།དེ་ནི་ཏང་གི་བོད་སྐྱོང་ཇུས་གཞི་ཆེ་མོ་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་།བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་གྱི་ཚན་རིག་དང་མཐུན་པའི་སྟངས་འཛིན་དང་འཐབ་ཇུས་ཀྱི་བསམ་གཞིག་འདུས་ཡོད།དེ་ཐོག་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་གསར་པ་གཅིག་སྡུད་ཐོག་མཚོན་ཡོད་ལ་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད།དེ་ནི་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་།བླང་བྱ་གསར་པ།བྱེད་ཐབས་གསར་པ་བཅས་ཡིན་པ་དང་ང་ཚོས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་ཞིག་དང་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཞན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་མཛུབ་ཁྲིད་བསམ་བློ་དེར་གོ་བ་གཏིང་ཟབ་ལེན་པ་དང་།ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ།ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
         ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་སྟེ།མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁ་གཏད་བོད་སྐྱོར་ལས་དོན་ཐད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་།སྤྱི་ཡོངས་ཀྱི་འདུ་ཤེས།འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་པ།མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་ཤུགས་རྒྱག་པ།ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་པ།དཔལ་འབྱོར་བོད་སྐྱོར་དང་།སློབ་གསོ་བོད་སྐྱོར།ལས་ཞུགས་བོད་སྐྱོར།ཚན་རྩལ་བོད་སྐྱོར།ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལག་བསྟར་ཤུགས་ཆེན་བྱེད་པ།ཕྱོགས་ཡོངས་དང་།རིམ་པ་མང་བ།ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གནས་བབ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ་དེ་རེད།གོང་གསལ་གྱི་སྐད་ཆ་དེ་དག་གི་ཚིག་འབྲུ་རེ་རེའི་ནང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཁྱབ་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དགོངས་པའི་འོད་མདངས་འཕྲོ་ཞིང་།དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་རང་རེའི་ཏང་གི་མཛད་ཕྱོགས་སྲིད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་མཚོན་ཡོད།སྐད་ཆ་ཚིག་གཅིག་སྟེ།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཇུས་ཆེན་དོན་གཉེར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་ཤོས་བརྩོན་ལེན་གནང་བ་དེ་རེད།
         ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་སྤྱི་ཡོངས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་འཆར་འགོད་བྱས་ཏེ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་དང་དེ་བཞིན“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་དུ་གཏོང་བ”སོགས་ཀྱི་ལྟ་བ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ནི་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་པའི་ནང་དོན་གལ་ཆེན་ཞིག་དང་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་ཆེད་གཞི་རྩའི་སྲུང་བྱ་མཁོ་འདོན་བྱས་ཡོད།
        ཁ་གཏད་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པར“ལྟེ་བ་གཅིག་དང་།དོན་ཆེན་གཉིས།འགན་ལེན་བཞི”བཅས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང“ཁྲིམས་ལྟར་བོད་སྐྱོང་བ་དང་།ཡུན་རིང་བོད་འཛུགས་སྐྲུན།མི་སེམས་ཐོབ་ཐབས་བྱེད་པ།རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཡུན་རིང་རང་བཞིན་དང་།མང་ཚོགས་རང་བཞིན།ཚན་རིག་རང་བཞིན་བཅས་ལ་ངོས་འཛིན་དང་ཁོང་དུ་གང་ལེགས་ཆུད་པ་བྱེད་པ་དང་།དཔལ་འབྱོར་བོད་སྐྱོར་དང་།སློབ་གསོ་བོད་སྐྱོར།ལས་ཞུགས་བོད་སྐྱོར།ཚན་རྩལ་བོད་སྐྱོར།ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལག་བསྟར་ཤུགས་ཆེན་བྱེད་པ།ཕྱོགས་ཡོངས་དང་།རིམ་པ་མང་བ།ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གནས་བབ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས།
         མདོར་ན།ང་ཚོས་བསམ་བློའི་ངོས་འཛིན་དེ་མཛུབ་ཁྲིད་བསམ་བློ་དེའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་།དེ་དམར་ཐིག་གཅིག་ཏུ་བརྩིས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་གི་མགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་བསམ་བློ་དེར་བརྟེན་ནས་གཅིག་གྱུར་ཡོང་བ་དང་།ལས་དོན་དེར་བརྟེན་ནས་གཅིག་འདོམས་བྱེད་པ།བྱ་སྤྱོད་དེར་བརྟེན་ནས་སྤྱི་འདོམས་བཅས་བྱེད་ཐུབ་པ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང“དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།