འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རག་སྡིས་ཀྱིས་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱས་པའི་
    གནས་ཚུལ་ལ་བརྟག་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ནས་ཚེས་26ཉིན་བར་སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཆེད་མངགས་ལྷ་གཞིས་ལྕགས་ལམ་གྱི་མེ་འཁོར་ནང་བཞུགས་ཏེ་ལྷ་ས་ནས་གཞིས་རྩེར་ཕེབས་ནས་ལྷ་གཞིས་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་ལྷ་གཞིས་ལྕགས་ལམ་གྱི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་རེད།གཞིས་རྩེར་བཞུགས་རིང་རག་སྡིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་གཟིགས་པར་ཕེབས་པ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།
        ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ།འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་རུའེ་ལེན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
        རག་སྡིས་ཀྱིས་ད་དུང་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་དང་དགོན་པར་བཅའ་སྡོད་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་ནས་དགོན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལས་དོན་སྐོར་གྱི་དགོན་པའི་དོ་དམ་ཨུ་ལྷན་གྱི་གནས་ཚུལ་སྙན་སེང་གསན་པ་དང་ཆབས་ཅིག་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་ལ་མཇལ་དར་ཡང་བསྒྲོན་པ་རེད།རག་སྡིས་ཀྱིས་སྙན་སེང་གསན་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་གཞིས་རྩེ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱི་འགོ་ཁྲིད་འོག་བཀྲ་ཤིས་ལྷུན་པོ་དགོན་པའི་དོ་དམ་ཨུ་ལྷན་གྱིས་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་དགོན་སྡེའི་གསར་གཏོད་དོ་དམ་གྱི་སྒྲིག་གཞི་དང་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཧུར་ཐག་བྱས་པར་བརྟེན་བཀྲ་ཤིས་ལྷུན་པོ་དགོན་པར་ཆོས་ལུགས་འཆམ་མཐུན་དང་།བསྟན་དོན་ལམ་ལྷོངས།དགོན་སྡེ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།