འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཆོན་གོས་མཚོ་བོད་གཞུང་ལམ་གྱི་109ཏའོ་པན་གྱི་ལས་བཟོར་འཕྲིན་ལན་བསྐུར་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60འཁོར་མཚམས་སུ་མཚོ་བོད་གཞུང་ལམ་གྱི་གདང་ལའི་109ཏའོ་པན་གྱི་བཟོ་པ་ཚོས་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཆོན་གོ་ལ་འཕྲིན་ཡིག་ཕུལ་ཏེ་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་60རིང་འགྲུལ་སྐྱོད་ཆ་རྐྱེན་དང་།བདག་སྐྱོང་ཆུ་ཚད།ཏའོ་པན་ལས་བཟོའི་འཚོ་བ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་སྙན་སེང་ཞུས་ཤིང་།ཁོ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ནན་ཏན་བྱེད་པ་དང་།ལམ་བཟོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་དུ་གྲུབ་འབྲས་ཡག་ཤོས་གཏོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།