འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་
    ཐེངས་༢༩པ་ཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྐབས་༡༢པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་༢༩པ་སྤྱི་ཚེས་༣༠ཉིན་གྱི་སྔ་དྲོ་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་སྐོང་ཚོགས་བྱས་ཡོད་པ་དང་། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
        གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཆའོ་ཞའོ་ཡང་གིས་གནང་བའི་སྔོན་རྩིས་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གཏན་འབེབས་འཆར་ཟིན་བཟོ་བཅོས་བསམ་འཆར་གྱི་སྙན་ཞུ་དང་། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་གཏན་འབེབས་འཆར་ཟིན་བཟོ་བཅོས་བསམ་འཆར་གྱི་སྙན་ཞུ། འགན་བཅོལ་བཅའ་ཁྲིམས་སོགས་ཁྲིམས་ལུགས་ལྔའི་བཟོ་བཅོས་ཇུས་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་འཛུགས་པའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ། པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ་བཅས་སུ་ཤེས་བྱའི་ཐོན་དབང་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་བཅས་གསན་གནང་ཡོད་པ་རེད།
        གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ལི་ཧྥེ་ཡིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཡོངས་ཁྱབ་འདེམས་བསྐོའི་གནད་དོན་དང་སྤྱི་ལོ་༢༠༡༦ལོར་ཁྲིམས་འཛུགས་ཁང་ཐོན་པའི་བྱ་ཐབས་་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་ཡོད་པ་རེད།
        གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོག་ཝང་ཁྲེན་ཡིས་གནང་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་ཇུས་གཞིའི་གྲོས་ཞིབ་གནས་ཚུལ་གྱི་སྙན་ཞུ་གསན་ཡོད་པ་རེད།
        ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག གོང་གི་འཆར་ཟིན་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་དང་། གྲོས་ཞིབ་བསམ་འཆར་ལ་གཞིགས་ནས་སྔར་བས་བཟོ་བཅོས་བྱས་རྗེས། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་༣༠པར་ཕུལ་ནས་སྐབས་༡༢པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་མཇུག་སྒྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་མིན་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།