འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ཁང་གིས་སྲིད་འཛིན་ཞིབ་མཆན་
    འགོད་པའི་ལམ་ལུགས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་
    མགྱོགས་སུ་གཏོང་བའི་གནས་ཚུལ་ཐད་ཆེད་དོན་བློ་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྐབས་༡༢པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པས་སྤྱི་ཚེས་༣༠ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆུང་མཉམ་འབྲེལ་གྲོས་ཚོགས་སྐོང་ཚོགས་བྱས་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་མགྱོགས་སུ་གཏོང་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་བློ་འདྲི་བྱས་ཡོད་པ་རེད།
        སྤྱི་ཚེས་༢༧ཉིན་གྱི་ཕྱི་དྲོ། ད་རེས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་མགྱོགས་སུ་གཏོང་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་ཡོད་པ་རེད། སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ། གྲོས་ཚོགས་ཐོག་ཚོགས་ཆུང་དབྱེ་ནས་སྙན་ཞུ་དེར་གྲོས་ཞིབ་གནང་ཡོད། གྲོས་ཞིབ་གནང་སྐབས། ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་གི་ཚོགས་ཆེན་༡༨དང་སྐབས་༡༨པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་དང་འགན་ནུས་བརྗེ་སྒྱུར་ཇུས་གཞི་བཅས་ལ་གཞིགས་ནས། སྔར་བས་སྲིད་འཛིན་འཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་མགྱོགས་སུ་གཏོང་རྒྱུ་དེ་སྐབས་འདིའི་སྲིད་གཞུང་གི་དོན་ཆེན་ཞིག་ལ་བརྩིས་ཡོད་པ་དང་། མིག་སྔར་གལ་ཆེའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། ཚང་མས། སྲིད་འཛིན་འཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་ཕན་ནུས་དངོས་ད་དུང་སྔར་བས་མཐོ་རུ་གཏོང་དགོས་ཀྱི་ཡོད་པ་དང་། ལས་ཀའི་ཁྲོད་དང་ལས་ཀའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གང་མགྱོགས་བཟོ་དགོས། འབྲེལ་ཡོད་ལས་དོན་སྒྲིག་གཞི་དང་བྱ་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གོམ་སྟོབས་རྗེས་མར་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བའི་ལས་འགན་སྔར་བཞིན་ཅུང་ལྗིད་པོ་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།