འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་༢༠འཁོར་བའི་བརྙན་འཕྲིན་
    ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་26ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་༢༠འཁོར་བའི་བརྙན་འཕྲིན་
ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༥ཉིན་ བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་༢༠འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཞུགས། ཚོགས་འདུ་མ་འཚོགས་གོང་ཡུས་ཀྲེང་ཧྲེང་དང་ཀྲང་ཀའོ་ལིས་བོད་སྐྱོར་ལས་བྱེད་པའི་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་ཁ་གཏད་བོད་སྐྱོར་བྱས་པའི་ས་ཁུལ་སོ་སོའི་སྡེ་ཚན་དང་ལས་ཁུངས་ཁག་དང་བོད་སྐྱོར་ལས་བྱེད་པ་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་པའི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རེ་བ། ལས་ཀ་སྒྲུབ་ཐབས་བཅས་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་ཁུལ་ལའང་འཚམ་པས་ཕྱོགས་ཁག་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཞིང་ཆེན་བཞིའི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོར་འདེགས། རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ལ་སྐུལ་འདེད་བཅས་བྱས་ཏེ་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།