འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི“དཔེ་སྟོན་གྲོང་ཁྱེར་གཏོད་པའི”ལས་དོན་ལ་རྒྱལ་ཁབ་ཀྱི་ལག་རྩལ་ཚོད་སྐོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས་འབྲེལ་ཡོད་ཚན་པའི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་གྲུབ་པའི་ལག་རྩལ་ཚོད་སྐོར་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི“དཔེ་སྟོན་གྲོང་ཁྱེར་གཏོད་པའི”ལས་དོན་ལ་དུས་ཡུན་ཉིན་བཞིའི་རིང་ཚོད་སྐོར་བྱས་ཤིང་། རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་བཟང་གྲོང་ཁྱེར་གྱི་དཔྱད་ཞིབ་སྟོན་གྲངས་མ་ལག་དང་བསྡུར་ཚེ། ལྷ་ས་གྲོང་ཁྱེར་གྱི་སྟོན་གྲངས་26ཚང་མ་དཔྱད་ཞིབ་ཀྱི་ཚད་གཞི་ལོན་པའམ་ཡང་ན་སྤྱིར་ན་ལོན་ཞིང་། ལྷག་བསྡད་པའི་གནད་དོན་ཐད་བླང་བྱ་ལྟར་བཅོས་སྒྲིག་བྱས་པ་རེད། མིག་སྔར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་པུས་ལྷ་ས་གྲོང་ཁྱེར་གྱི“དཔེ་སྟོན་གྲོང་ཁྱེར་གཏོད་པའི”ལས་དོན་ལ་རྒྱལ་ཁབ་ཀྱི་ལག་རྩལ་ཚོད་སྐོར་བྱས་པའི་ཡིག་ལན་བསྐུར་བ་རེད།
        ཞིབ་བཤེར་བྱེད་རིང་ལག་རྩལ་ཚོད་སྐོར་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་གྱིས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དཔེ་བཟང་གཏོད་པའི་ལས་དོན་དང་སྟོན་གྲངས་ཁག་ལེགས་གྲུབ་བྱེད་ཚུལ་གྱི་སྙན་སེང་གསན་ནས།“དཔེ་སྟོན་གྲོང་ཁྱེར་གཏོད་པའི”ལས་ཀའི་ཡིག་ཆ་དང་ཡིག་ཚགས་དཔྱད་ཡིག་དང་དེ་བཞིན་ཐོག་མའི་ཟིན་ཐོར་ཞིབ་བཤེར་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོས་ཚོགས་ཆུང་ཁག་བདུན་ལ་བགོས་ནས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་དང་ཉེན་ཡོད་ཟོག་རོ་ཐག་གཅོད་ལྟེ་གནས་སོགས་རྣམ་གྲངས་འཁོར་སྐྱོད་དང་དོ་དམ་བྱེད་ཚུལ་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་དང་། ད་དུང་འཐུང་ཆུའི་ཆུ་ཁོངས་སྲུང་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་ཞིབ་ཚད་ལེན་སོགས་རྣམ་གྲངས་བཅོས་སྒྲིག་བྱེད་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་སྟོན་གྲངས་26ཚང་མ་དཔྱད་ཞིབ་ཀྱི་ཚད་གཞི་ལོན་པའམ་ཡང་ན་སྤྱིར་ན་ལོན་ཡོད་མོད། འོན་ཀྱང་གནད་དོན་ཁག་གཅིག་གནས་པར་ད་དུང་བཅོས་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།