འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།དྲག་ཆས་ཉེན་རྟོག་དཔུང་སྡེས་གཞི་རིམ་ཡན་ལག་རུ་ཁག་གི་དམག་འཐབ་ནུས་པའི་
    ཚད་གཞི་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། དྲག་ཆས་ཉེན་རྟོག་དཔུང་སྡེས་གཞི་རིམ་ཡན་ལག་རུ་ཁག་གི་རྒྱུན་གཏན་གྱི་ལས་བྱ་དང་། སྤྱི་པའི་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་གཅོག་རྒྱུ། འཇིགས་རྒོལ་བརྟན་སྲུང་སོགས་དམག་དོན་སྦྱོང་བརྡར་གྱི་རྣམ་པ་ཚད་ལྡན་བཟོས་པ་བརྒྱུད། ནང་དོན་ཚན་རིག་དང་མཐུན་ལ་མ་ལག་འཐུས་སྒོ་ཚང་བའི་ལམ་ལུགས་བཙུགས་ནས། གཞི་རིམ་ཡན་ལག་རུ་ཁག་གི་དམག་འཐབ་ནུས་པ་མཐོ་རུ་བཏང་ཡོད་པ་རེད།
        ཉེ་དུས་སྒྲིག་འཛུགས་བྱས་པའི་དམག་དོན་སྦྱོང་བརྡར་དཔྱད་ཞིབ་ནང་། དྲག་ཆས་ཉེན་རྟོག་ཧྲན་ཏུང་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གྲེན་ཝུ་རྫོང་རུ་འབྲིང་གི་མི་སྣ་ཚང་མ་གཏན་འཁེལ་བྱས་པའི་བསླབ་ཚན་རྒྱུགས་ལེན་བྱས་པ་བརྒྱུད། གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད། རུ་འབྲིང་འདིས་སྔ་ ཕྱི་བར་གསུམ་དུ་དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་ཀྱིས། ཚན་རིག་དང་མཐུན་པའི་སྦྱོང་བརྡར་བྱེད་པ་དང་། སྦྱོང་བརྡར་ནན་པོ་བྱས་པས། དགྲ་བོ་འདུལ་བའི་འཇོན་ཐང་ལྡན་པར་འགྱུར་བ་དང་། ལས་བྱ་དང་གློ་བུར་ཐོན་པའི་དམག་འཐབ་ནང་ནུས་པ་ཆེན་པོ་བཏོན་ཡོད་པ་རེད།
        དམག་དཔུང་སྟོབས་ཆེན་དུ་འགྱུར་བ་བྱེད་པའི་དམིགས་འབེན་དེ་གཞི་རིམ་དུ་རྩ་བ་ཚུགས་པ་བྱེད་ཆེད། དྲག་ཆས་ཉེན་རྟོག་དཔུང་སྡེའི་གཞི་རིམ་ཡན་ལག་རུ་ཁག་ཁག་གིས་སྤྱི་ཁྱབ་པུའུ་དང་གཞི་རིམ་རུ་འབྲིང་གི་རིམ་པ་གསུམ་པའི་ཕྱོགས་བསྡུས་ཆ་འཕྲིན་དྲ་བའི་མ་ལག་ལ་བརྟེན་ནས། བཀོད་འདོམས་དང་ཇུས་འདོན། དམག་འཐབ་བྱ་ཐབས་བཅས་སྦྱོང་བརྡར་བྱས་པ་དང་། གཞི་རིམ་ལ་རྒྱུས་མངའ་ཡོད་པ་དང་བཀོད་འདོམས་ཤེས་པ། དམག་འཐབ་བྱེད་ཐུབ་པའི་དམག་དོན་ཤེས་ལྡན་པ་དང་སྦྱོང་བརྡར་ཕུལ་བྱུང་བ་མང་པོ་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།