འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གཟའ་འཁོར་གཅིག་ནང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལྔར་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས༢༩ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་པའེ་ཡུན་དང་། པའེ་ཨེན་ཕེ། རེན་རུན་ཧོའུ་བཅས་ཞིང་ཆེན་རིམ་པའི་དཔོན་རིགས་གསུམ་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྤེལ་ཡོད་ཅིང་། དེའི་ཐོག་སྤྱི་ཚེས༢༣ཉིན་ཞིབ་བཤེར་བྱས་པའི་ཧྲན་ཤི་ཡི་དཔོན་པོ་གཉིས་བཅས་བསྡོམས་ན་གཟའ་འཁོར་གཅིག་ནང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མིང་བྱང་ནང་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་ལྔ་མང་དུ་ཕྱིན་ཡོད།
        ལོ་འདི་ཤར་ཚུན་ཀྲོའུ་ཡུང་ཁང་དང་། ཞུའེ་ཚའེ་ཧོའུ། སུའུ་རུང་བཅས་ཚུད་པའི་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་དཔོན་པོ་ཉི་ཤུ་རྩ་བདུན་ལ་ཉེས་དོན་ཞིབ་བཤེར་བྱས་ཡོད་ལ། དོ་སྣང་བྱེད་རིན་ཡོད་པ་ཞིག་ལ། ཧྲན་ཤི་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པའེ་ཡུན་ནི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཉེས་དོན་ཞིབ་བཤེར་བྱས་པའི་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་ཁྲོད་ཀྱི་བུད་མེད་ཐོག་མ་དེར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།