འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་རྩེས་ཞིང་འབྲོག་ལས་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར་3ལྷག་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། འདི་ལོ་ནས་བཟུང་གཞིས་རྩེ་ས་ཁུལ་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་དེང་རབས་ཀྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱེད་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང་ཐོན་ལས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་དམ་འཛིན་བྱེད་གཞིར་བྱས་ནས་ཐོན་ལས་དང་པོའི་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་གོང་མཐོར་བཏང་བས་ལོ་སྟོད་དུ་ས་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་ཚུལ་བཟང་པོ་ཞིག་ཐོན་ཡོད་པ་རེད།
        འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་བདེ་བླག་ངང་དར་སྤེལ་བཏང་ཞིང་།འདི་ལོར་གཞིས་རྩེས་ཞིང་ལས་སྐྱེ་དངོས་མུའུ་ཁྲི་129.48ལྷག་ཙམ་འདེབས་འཛུགས་བྱས་པའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་81.94དང་།དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི་34.08 གཟན་རྩྭའི་སྐྱེ་དངོས་མུའུ་ཁྲི་13.46བཅས་ཟིན་ཡོད་པ་རེད།མིག་སྔར་ཞིང་ནང་གཡོག་བྱེད་བྱེད་པའི་དུས་སུ་ཁྱོན་ཡོངས་ནས་སླེབས་ཡོད།ས་ཁུལ་ཡོངས་ཀྱིས་ད་དུང“བོད་ནས་ཨང་2000”མུའུ་ཁྲི་29.72དང་དེ་བཞིན“ཧི་མ་ལ་ཡ་ཨང་22”མུའུ་ཁྲི་4.44དཔེ་སྟོན་ཁྱབ་གདལ་བཏང་ཡོད་པ་རེད།
        འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་བཏང་ཞིང་།ལོ་སྟོད་དུ་ས་ཁུལ་ཡོངས་ཀྱི་ཕྱུགས་རིགས་སྤུ་གསར་མགོ་གྲངས་ཁྲི་161.3ཟིན་པའི་ནང་གསོན་ཚད་90.4%ཟིན་པ་དང་ཆེ་ཕྱུགས་མགོ་གྲངས་ཁྲི་7.3ཤི་བ་དང་ཤི་ཚད་1.5%ཟིན་ཡོད།
        ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་།ལོ་སྟོད་དུ་ས་ཁུལ་གྱི་ཞིང་ལས་ཐོན་ལས་ཅན་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་13ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.98བྱུང་བ་དེ་དུས་མཚུངས་ལས་11.2%འཕར་བ་དང་།ཞིང་ལས་ཐོན་རྫས་ལས་སྣོན་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.75ཟིན་པ་དང་རིན་ཐང་འཕར་མ་སྒོར་ཁྲི་6095ཟིན་ནས་6.8%དང་5.6%སོ་སོར་འཕར་བ།ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་སྣ་ཚོགས་395འཕེལ་རྒྱས་ཕྱིན་པར་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་3ཟིན་ཡོད་པ་རེད།
        ཞིང་འབྲོག་ལས་ཀྱི་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་བཏང་ཞིང་།འདི་ལོར་ས་ཁུལ་ཡོངས་ཀྱིས་གསར་སྐྲུན་དང་མཐུད་སྐྲུན་བྱས་པའི་ཞིང་འབྲོག་ལས་ཀྱི་འཛུགས་སྐྲུན་རྣམ་གྲངས་ནང་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ས་ཚིགས་དང་ནས་ཀྱི་ཐོན་སྐྱེད་རྟེན་གཞི་སོགས་རིགས་11དང་54ཚུད་ཡོད་པ་དང་རྣམ་གྲངས་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་3.01བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།