འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་259བར་
    མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་259བར་
མང་དུ་ཕྱིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་གིས། ཧིན་རྡུ་ཉི་ཞི་ཡའི་ཞི་ནུའུ་ཧྲ་ཏེང་ཅ་ལཱ་ཞིང་ཆེན་ལུང་མུའུ་གླིང་ཕྲན་དུ་ཚེས་5ཉིན་བྱུང་བའི་ས་ཡོམ་རིམ་པ་7.0 ཁྲོད། རྐྱེན་ལམ་དུ་ཤོར་མཁན་259བར་མང་དུ་ཕྱིན་ཞེས་བཤད། 
        ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་གི་གཏམ་བཤད་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་དུ། ཡ་ཀ་ཏའི་ཚེས་9ཉིན་གྱི་ཆུ་ཚོད་17(པེ་ཅིང་གི་ཆུ་ཚོད་18)བར་དུ། ས་ཡོམ་གྱིས་སྡོད་ཁང་དང་སྤྱི་པའི་ཁང་པ་ཁྲི་8ལྷག་ལ་གཏོར་བརླག་བཏང་ཡོད་པ་དང་། ས་གནས་དེ་གའི་སྤྱི་དམངས་ཁྲི་27ལྷག་ཕྱིར་འཐེན་བྱ་དགོས་ཐུག་པ། གཞན་རྨས་སྐྱོན་ཚབས་ཆེན་ཕོག་མཁན་1033ལ་ས་གནས་དེ་གའི་སྨན་བཅོས་ལས་ཁུངས་སུ་ནད་བཅོས་བྱེད་བཞིན་ཡོད་ཅེས་བཤད། 
        སུའུ་ཐའོ་པའོ་ཡིས། རགས་རྩིས་བྱས་པར་གཞིགས་ན། ད་དུང་མི་མང་པོ་ཁང་པའི་ཞིག་རོའི་འོག་ཏུ་མནན་ཡོད་ཅིང་། མྱུར་སྐྱོབ་ལས་ཀ་མུ་མཐུད་སྒྲུབ་པ་དང་བསྟུན། རྨས་སྐྱོན་ཕོག་མཁན་གྱི་ཁ་གྲངས་སྔོན་དཔག་བྱས་ན་སྔར་ལས་མང་དུ་འགྲོ་རྒྱུ་རེད་ཅེས་བཤད། 
        སུའུ་ཐའོ་པའོ་ཡིས། མིག་སྔར་འཕྲུལ་ཆས་ཆེན་པོ་21གིས་གནོད་འཚེ་ཐེབས་ཡུལ་དུ་རོགས་སྐྱོབ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་དང་། དམག་མི་ཉེན་རྟོག རྒྱལ་ཁབ་འཚོལ་ཞིབ་རོགས་སྐྱོར་ལྟེ་གནས། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཕྱི་ནང་གི་སྨན་བཅོས་ལས་ཁུངས། དང་བླངས་པ་སོགས་ཀྱིས་གྲུབ་པའི་རོགས་སྐྱོབ་རུ་ཁག་གིས་ནུས་ཤུགས་ཡོད་ཚད་བཏོན་ནས་འཚོལ་ཞིབ་བྱེད་ཀྱིན་ཡོད་པ་དང་། ཚེས་5ཉིན་ས་ཡོམ་བྱུང་རྗེས། ཧིན་རྡུ་ཉི་ཞི་ཡའི་ས་ཡོམ་ལྟ་ཞིབ་སྡེ་ཁག་གིས་ཉེ་འཁོར་དུ་ས་ཡོམ་རིམ་པ་ཆུང་ཆུང་ཁྱོན་ཐེངས་362བྱུང་ཡོད་པ་ཟིན་ཐོར་བཀོད་འདུག་ཅེས་བཤད། 
    ཚེས་9ཉིན་གྱི་ཕྱི་དྲོར། ལུའུ་མུང་གླིང་ཕྲན་བྱང་ཕྱོགས་སུ་ས་ཡོམ་རིམ་པ་6.2བྱུང་ཡོད་པ་དང་། ཧིན་རྡུ་ཉི་ཞི་ཡའི་གནོད་འགོག་སྡེ་ཁག་གིས་ཐེངས་འདིའི་ས་ཡོམ་ཁྲོད་མི་2རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་24ལ་རྨས་སྐྱོན་ཕོག་པ། ཁང་པ་མང་པོ་ལ་གཏོར་བརླག་ཐེབས་ཡོད་ཅེས་བཤད། 
    ༄༅།།ཧིན་རྡུ་ཉི་ཞི་ཡའི་ལུང་མུའུ་གླིང་ཕྲན་གྱི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་མཁན་259བར་
མང་དུ་ཕྱིན་པ།
      

    ཕྱོགས་བསྡུས་གསར་འགྱུར།