འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲུ་རིགས་ལོ་
    ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་དང་། རང་རྒྱལ་གྱི་ས་བོན་བཟང་སྒྱུར་ལས་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་དང་། འབྱུང་ཁུངས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བཅས་བྱ་ཆེད། ནོར་སྲིད་པུའུ་དང་ཞིང་ལས་དང་གྲོང་གསེབ་པུའུ། དངུལ་ཁང་དང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་བཅས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་ནས། ཆུ་འབྲས་དང་།  མ་རྨོས་ལོ་ཏོག  གྲོ་བཅས་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་དེ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་འགན་བཅོལ་གྱི་འགན་བཅོལ་གྲོན་དངུལ་དང་ཁ་གསབ་ཀྱི་དཀར་ཆག་ནང་འཇུག་རྒྱུ་ཡིན་པ་རེད་།  
         2018ལོའི་འགན་བཅོལ་ནང་ཞུགས་པའི་ཞིང་ལས་འགན་བཅོལ་གྱི་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་དེ་ཐེངས་འདིའི་བརྡ་ཐོའི་གཏན་འབེབས་ལྟར་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་འགན་བཅོལ་གྱི་འགན་བཅོལ་གྲོན་དངུལ་ཁ་གསབ་ནང་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
         བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ཞིང་པ་དང་ས་བོན་ཐོན་སྐྱེད་མཉམ་ལས་ཁང་དང་ས་བོན་ཁེ་ལས་སོགས་ཀྱིས་གཏན་འབེབས་དང་འཚམ་པའི་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་བྱས་པ་དེ།  དེས་འགན་བཅོལ་བྱས་པའི་ཞིང་ལས་འགན་བཅོལ་ལ་སྤྲོད་དགོས་པའི་དངུལ་དེ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་འགན་བཅོལ་གྱི་འགན་བཅོལ་དངུལ་གྱི་ཁ་གསབ་གྲོན་དངུལ་གྱི་དཀར་ཆག་ནང་འཇུག་རྒྱུ་ཡིན་པ་རེད། 
         འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་གྱི་གཏན་འབེབས་དང་མཐུན་པ་ཞེས་པ་ནི་《ས་བོན་གྱི་བཅའ་ཁྲིམས་》ཀྱི་གཏན་འབེབས་དང་མཐུན་དགོས་ཤིང་། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་རམ་ས་གནས་དེ་གའི་ཞིང་ལས་སྡེ་ཚན་གྱིས་ཐོ་འགོད་བྱས་པའི་ཆུ་འབྲས་དང་།  མ་རྨོས་ལོ་ཏོག   གྲོ་བཅས་གསུམ་གྱི་ས་བོན་བཟང་སྒྱུར་དང་མཐུན་དགོས་པ། གཞི་རྒྱ་ཆེ་བ་དང་ཚོང་ཟོག་ཅན་གྱི་ཐོན་སྐྱེད་སོགས་ཀྱི་ས་བོན་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཀྱང་འདུས་ཡོད་པ་རེད།   
         འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་ས་བོན་བཟང་སྒྱུར་གྱི་གཏན་འབེབས་དང་མཐུན་པའི་ས་བོན་གྱི་སྣ་ཁ་རིམ་ཁག་ཞིང་ལས་དང་། དེ་བཞིན་ས་བོན་གཙོ་གཉེར་སྡེ་ཚན་གྱིས་འོས་ཤིང་འཚམ་པའི་རྣམ་པའི་ཐོག་ནས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ལ་མཁོ་འདོན་བྱ་རྒྱུའི་འགན་ཁུར་རྒྱུ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།