འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“དྲི་ཟའི་དབྱངས”སྐབས་གསུམ་པའི་རླུང་འཕྲིན་
    ཐོག་གི་དམངས་གཞས་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཟླ་8ཚེས་17ཉིན་
    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་གསུམ་མཚོར་གཉེར་རྒྱུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“དྲི་ཟའི་དབྱངས”ལེ་ཚན་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“དྲི་ཟའི་དབྱངས”སྐབས་གསུམ་པའི་རླུང་འཕྲིན་ཐོག་གི་དམངས་གཞས་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཟླ་8ཚེས་17ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་གསུམ་མཚོར་གཉེར་རྒྱུ་ཡིན་པ་རེད། བྱེད་སྒོ་དེ་གཉེར་བ་བརྒྱུད་བོད་ཁུལ་གྱི་སྙན་འཇེབས་ལྡན་པའི་གླུ་སྒྲ་གསར་རྙེད་དང་བོད་ཁུལ་གྱི་གདོད་མའི་རིག་གནས་སྔར་བས་ཁྱབ་སྤེལ་གཏང་ནས། དེ་བས་མང་བའི་ན་གཞོན་གྱིས་བོད་ཀྱི་གདོད་མའི་རོལ་དབྱངས་ལ་ཤེས་རྟོགས་དང་དོ་སྣང་ཡོང་བ་བྱེད་པ་མ་ཟད། གདོད་མའི་རོལ་དབྱངས་རྒྱུན་འཛིན་མཁན་ཕུལ་བྱུང་ཁག་ཅིག་གསར་རྙེད་དང་གསོ་སྐྱོང་བྱས་ནས། དུས་རབས་གསར་པའི་མང་ཚོགས་ཀྱི་འཚོ་བ་གསར་པ་དང་རྣམ་པ་གསར་པ་མཚོན་པར་བྱས་ཡོད།
           དེ་བས་མང་བའི་ཕུལ་བྱུང་གྱི་གདོད་མའི་རོལ་དབྱངས་དང་རིག་གནས་སྔོག་འདོན་བྱ་ཆེད། ཟླ་བདུན་པའི་ཟླ་འགོ་ནས“དྲི་ཟའི་དབྱངས”ཀྱི་ལེ་ཚན་ཚོགས་ཆུང་གཞིས་རྩེ་དང་།  ལྷོ་ཁ། ཉིང་ཁྲི་སོགས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་དུ་བསྐྱོད་དེ་དམངས་གཞས་ལ་དགའ་པོ་ཡོད་མཁན་མང་པོ་བཙལ་འཚོལ་བྱས་ནས། ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པའི་གདོད་མའི་དམངས་གཞས་50ལྷག་བསྡུ་སྒྲིག་བྱས་ཡོད། རིགས་གཅིག་མཁས་ཅན་གྱིས་གོ་རིམ་ལྡན་པའི་ངང་དཔྱད་འདེམས་བྱས་རྗེས་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“དྲི་ཟའི་དབྱངས”སྐབས་གསུམ་པའི་རླུང་འཕྲིན་ཐོག་གི་དམངས་གཞས་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི“དྲི་ཟའི་དབྱངས”ཀྱི་རླུང་འཕྲིན་ཐོག་གི་དམངས་གཞས་འགྲན་བསྡུར་སྐབས་གཉིས་རྒྱལ་ཁའི་ངང་གཉེར་ཟིན་ཡོད། 2016ལོར། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཐེངས་དང་པོར་ཚོད་ལྟ་བྱས་ནས་ལྗོངས་ཡོངས་སུ་གདོད་མའི་དམངས་གཞས་འཚོལ་བསྡུ་བྱས་ཡོད།   2017ལོར། “དྲི་ཟའི་དབྱངས”རླུང་འཕྲིན་ཐོག་གི་དམངས་གཞས་འགྲན་བསྡུར་གྱིས“སྲིད་གཞུང་གིས་སྣེ་ཁྲིད་དང་། ཁེ་ལས་ཞུགས་པ། ཁྲོམ་རའི་ཐོག་འཁོར་སྐྱོད”བཅས་ཀྱི་རྩ་དོན་འཛིན་པ་དང་།  སྨྱན་སྦྱོར་གསར་པ་བཀོལ་སྤྱོད་བྱེད་པའི་ཚོད་ལྟ་ཐེངས་དང་པོ་བྱས་ནས་དྲི་ཟའི་དབྱངས་ཉན་ཆོག་པ་དང་། ལྟ་ཆོག་པ། ཀློག་ཆོག་པ་བཅས་ཀྱི"གནས་ཚུལ་ཀུན་གསལ་སྨྱན་སྦྱོར"ཞིག་ཏུ་སྐྲུན་པས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།