འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་ཤེད་ཚ་པོས་བཀག་སྡོམ་བྱ་རྒྱུ་དབྱིངས་ལ་ཞུགས་པ་དེ་གཅོད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་10ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  བརྒྱ་བཤད་སྟོང་བཤད་ངང་དབྱི་རན་ལ་སླར་ཡང་ཆད་པ་རབ་དང་རིམ་པ་བཅད་རྒྱུ་ཁྱབ་བསྒྲགས་བྱས་རྗེས། ཨ་རི་སྲིད་གཞུང་གིས་ཉེ་ཆར་ཡང་ཨུ་རུ་སུར་ཆད་པ་གསར་པ་བཅད་རྒྱུའི་ལག་བསྟར་ཡོངས་བསྒྲགས་བྱས་པ་རེད། སྔོན་མ་དེ"འཆར་གཞིའི་ནང"ཡིན་ཞིང་། ཕོ་བྲང་དཀར་པོས་ཟླ་འགའི་སྔོན་ནས"མདེལ་རྫོང་རྒྱག་ཟིན"   རྗེས་མ་དེ་རྒྱལ་སྤྱིའི་ལྟ་ཞིབ་མཁས་ཅན་མང་པོར་གློ་བུར་དུ་ཐོན་པའི་སྣང་བ་ཞིག་སྤྲོད་རྒྱུ་དེ་ཡིན། གང་ལྟར་ཨ་རི་དང་ཨུ་རུ་སུའི་འགོ་གཙོས་ཟླ་གོང་མར་ཐུག་འཕྲད་ཡག་པོ་ཞིག་བྱས་པ་རེད།
     ཉེ་དུས་ཚུན། ཨ་རི་སྲིད་གཞུང་གིས་བཀག་སྡོམ་གཅིག་རྗེས་གཉིས་མཐུད་ངང་བྱས་པས། དེར་དབྱིངས་ཞུགས་པའི་རྣམ་པ་ཞིག་ལྡན། ཉིན་འགའི་སྔོན་དུ། ཨ་རིས་བྱང་ཆིངས་རྩ་འཛུགས་ཀྱི་མནའ་གྲོགས་ཐུར་ཁེར་བཀག་སྡོམ་བྱས་པ་དང་། ཐུར་ཁེ་དང་ཨ་རིའི་དབར་གྱི་འབྲེལ་བ་དེ་རྦད་དེ་ཆད་ལ་ཉེ་བའི་ཁར་སླེབས་པ་རེད། ཨ་རི་སྲིད་གཞུང་གིས་ད་དུང་ཡོ་རོབ་ལ། གལ་ཏེ་ཡོ་རོབ་ཀྱི་ཁེ་ལས་ཀྱིས་མུ་མཐུད་དབྱི་རན་དང་ཚོང་ལས་གཉེར་ན།   དེའི་ཨ་རིར་ཡོད་པའི་མ་རྩ་དང་དངུལ་རྩའི་བྱེད་སྒོར"ཞོར་གཏོགས་ཀྱི་བཀག་སྡོམ་ཕོག"རྒྱུའི་འཇིགས་སྐུལ་བྱས་ཡོད་པ་རེད།
       སྐད་ཆ་ཚིག་གཅིག་མི་མཐུན་ན་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་སྤྱོད་དྲང་གཉིས་མེད་པ་དང་མཚུངས་པའི་བྱེད་ཐབས་དེ་ཨ་རིའི་ཕྱི་འབྲེལ་ཡོ་ཆས་སྒམ་ནང་གི་གདམ་ག་ཐོག་མར་བྱེད་པའི"གྲི་ཆས"སུ་འགྱུར་ཡོད་པ་རེད། བཙན་ཤེད་ཀྱི་སྤྱོད་ཚུལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དང་བཀག་འགོག་བྱེད་དང་བྱེད་མུས་ཡིན་པ་རེད།    
         རྒྱལ་ཁབ་ཁག་དབར་མི་མཐུན་པ་ཡོད་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་ཞིང་། གཙོ་བོ་ནི་སྟངས་འཛིན་ངང་སྐད་ཆ་ཤོད་རེས་བྱེད་དགོས་ཤིང་། གནས་ལུགས་ལྡན་པའི་སྐད་ཆ་ཤོད་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་ལྟར་ལས་དོན་བསྒྲུབ་དགོས་པ་ལས། རང་འདོད་ལྟར་གང་བྱུང་བྱ་མི་ཆོག་ལ། རང་ཉིད་ཀྱི་ཤེད་ཤུགས་ངོམ་ནས་ཁུ་ཚུར་དེ་བས་གཡུགས་མི་རུང་། བདེན་ཡོད་གང་དུ་འགྲོ་ཡང་ཐར།   བདེན་མེད་གོམ་གང་སྤོ་བ་དཀའ་ཞེས་པའི་གནས་ལུགས་ཤེས་དགོས།
         དུས་རབས་21པའི་དུས་འདིར། དྲང་བདེན་དང་དྲང་གཞག། སྒྲིག་སྲོལ་གྱི་འདུ་ཤེས་མི་རྣམས་ཀྱི་སེམས་སུ་སྔར་ནས་ཡོད་པས། "ནགས་ཚལ་ཁྲིམས་སྲོལ"སྤྱོད་མི་ཐུབ། ཨ་རིའི"བཙན་ཤེད་རིང་ལུགས"ཀྱི་བྱ་སྤྱོད་དེ་བསྒྱུར་བཅོས་བྱ་དགོས་ལ།  རང་ཤེད་ཚ་པོས་བཀག་སྡོམ་བྱ་རྒྱུ་དབྱིངས་ལ་ཞུགས་པ་དེ་གཅོད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།