འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཐེ་བོ་རྫོང་དུ་སྣོད་བཅུད་སྲུང་སྐྱོང་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དུང་བརྡ་གྲགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཐེ་བོ་རྫོང་ཁོངས་ཀྱི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་47.01ཟིན་པ་དང་ནགས་ཚལ་ཁེབས་ཚད་65%ཡན་ཟིན་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ཀྱི་རིགས་མང་ཞིང་། ཁྱོན་རྩི་ཤིང་རིགས་60དང་སྣ་ཁ་319ཡོད་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་300ལྷག་ཙམ་ཡོད། དེ་གར་དོམ་ཁྲ་དང་། གསའ། ཤྭ་བ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲུང་སྐྱོང་སྲོག་ཆགས་འཚོ་གནས་བྱེད་ཀྱི་ཡོད་པ་རེད།
           སྣོད་བཅུད་ཐོན་ཁུངས་ཕུན་སུམ་ཚོགས་ལ་འབྱོར་འབྲིང་ཕྱོགས་སུ་ངེས་པར་དུ་སྐྱོད་དགོས་པའི་ཐག་རིང་ས་ཁུལ་གྱིས་སྲུང་སྐྱོང་དང་འཕེལ་རྒྱས་གཉིས་ཀ་འགལ་མེད་མཉམ་གནས་ཀྱི་རྣམ་པ་ཞིག་འཚོལ་ཞིབ་བྱེད་པར། ཀན་ལྷོའི་ཐེ་བོའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་དེ་ཚོད་ལྟ་ལེགས་པོ་ཞིག་ཡིན་ངེས།
          ཐེ་བོ་རྫོང་གྲོང་གི་ཤར་འདབས་དང་བར་ཐག་སྤྱི་ལེ་12ཡོད་པའི་དཀྱིལ་རོང་གྲོང་ཚོའི་ས་བབ་མཐོ་ཚད་སྨི་2600ནས་2800བར་ཟིན་པ་དང་། གྲོང་ཚོ་ཧྲིལ་པོར་དུད་ཚང་25ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཡུལ་དེས་སྐྱ་སྤོས་རྩྭ་གསོ་དང་རྨོ་བསྐྱུར་ནགས་གསོ་ཁྱབ་གདལ་བཏང་སྟེ། གྲོང་ཚོ་ཧྲིལ་པོར་སྔོན་ཆད་འབྲི་གཡག་མགོ་གྲངས་1600ཡོད་པ་ནས་ད་ཆ་མགོ་གྲངས་758བར་ཉུང་དུ་བཏང་བ་དང་། རྨོ་བསྐྱུར་ནགས་གསོ་མུའུ་290བྱས་པས། མིག་སྔར་གྲོང་ཚོ་ཧྲིལ་པོའི་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ་1.55ཡས་མས་ཟིན་གྱི་ཡོད་པ་རེད།
            ལོ་བཅུའི་གོང་དཀྱིལ་རོང་གྲོང་ཚོའི་རྡོ་རྗེ་ཚེ་རིང་གི་ཁྱིམ་དུ་འབྲི་གཡག་མགོ་གྲངས་100ལྷག་ཙམ་ཡོད་པ་དང་། ད་ཆ་མགོ་གྲངས་30ལྷག་ཙམ་ལས་ལྷག་མེད་པ་མ་ཟད། ཁྱིམ་ཚང་གི་ཞིང་ཁར་ཡུན་ཧྲན་གསོམ་ཤིང་དང་ལེང་ཧྲན་གསོམ་ཤིང་སོགས་དཔལ་འབྱོར་ནགས་ཤིང་བཏབ་ཡོད་པ་རེད།
           ནོར་ལུག་ཉུང་དུ་དང་ཞིང་ལས་སྐྱེ་དངོས་འདེབས་ཉུང་དུ་བཏང་བས། ཕ་མེས་ཡང་མེས་ནས་ནོར་ལུག་འཚོ་ཐབས་བྱེད་མཁན་ཡིན་པའི་ཁོང་ཚོའི་ཡོང་འབབ་དམའ་རུ་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། འོན་ཀྱང་རྡོ་རྗེ་ཚེ་རིང་ལ་བསམ་བློའི་འཁྱེར་སོ་འདི་འདྲ་ཞིག་ཡོད་པ་སྟེ། ལོ་ཤས་གོང་། སྣོད་བཅུད་ལ་གཏོར་བཤིག་བཏང་བའི་དབང་གིས་རི་སྟེང་གི་རྩི་ཤིང་ཉུང་དུ་ཕྱིན་ཏེ་ཆུ་ལོག་གནོད་འཚེ་ཐོན་ཡོད། དེར་བརྟེན་ངེས་པར་དུ་རྩི་ཤིང་འདེབས་འཛུགས་བྱས་ཏེ་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས། འཚོ་བའི་ཐད་ལྟོ་གོས་འཕྱིད་ཙམ་བྱུང་ན་འགྲིག་ཅེས་པ་དེ་རེད།
           རང་བྱུང་ལ་གུས་ཞིང་སྐྲག་པའི་སེམས་ཁམས་ཀྱི་འཁྱེར་སོ་དེ་ལྟ་བུས་གཞི་ནས་དཀྱིལ་རོང་གྲོང་ཚོའི་རྩི་ཤིང་སྐྱེ་འཚར་ལེགས་ལ། འདི་གའི་ཅུང་འཐུས་སྒོ་ཚང་བའི་སྣོད་བཅུད་ཁོར་ཡུག་ཐེ་བོའི་ལྗང་མདོག་ཁྱམས་རིང་ཞིག་ཏུ་གྱུར་ངེས་རེད། སྣོད་བཅུད་ཁོར་ཡུག་ལེགས་པོས་དཀྱིལ་རོང་གྲོང་ཚོའི་དཔལ་འབྱོར་ནགས་ཚལ་ཁྲོམ་རར་ཡང་དགའ་བསུ་ཆེན་པོ་ཐོབ་ངེས་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་པས་ཐེ་བོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྦྱིན་ཡོད། ཐེ་བོས་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་ཚད་བརྒལ་སར་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་བས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། གྲོང་ཁུལ་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་བཟའ་བཏུང་དང་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ། “ཞིང་པའི་སྤྲོ་སྐྱིད་ཁང”དང་ཡུལ་ཟོག་སོགས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་ཕྱིན་པ། རྒྱུན་རྣམ་གསར་པའི་འོག་གི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་ཐུབ་པ་བཅས་བྱུང་ནས་སྔོན་ཆད་ཀྱི“ཡུལ་སྐོར་བར་བརྒྱུད་ས་ཚིགས”ཡིན་པའི་ཁ་སྐྱེངས་ཀྱི་གནས་ནས་རིམ་གྱིས་སྒྲོལ་ཐུབ་ཡོད་པ་རེད།
            ཞིང་ཆེན་ལམ་313དུ་གནས་པའི་གསེར་གཞོང་གྲོང་ཚོ་ནི་གཟི་ཚ་སྡེ་དགུ་དང་ས་ཐག་རིང་པོ་དེ་ཙམ་མེད་པ་དང་ས་གནས་དེ་གའི་འཁྲུག་ཆ་དོད་པའི་ཡུལ་སྐོར་ཁྲོམ་ར་ལས་གྲོང་མི་རྣམས་ལ་བློ་སྐྱེད་ཆེན་པོ་བྱུང་ནས། གྲོང་ཚོའི་ནང་ཡུལ་སྐོར་ལས་རིགས་ཤིག་གཉེར་རྒྱུའི་ཡིད་ཆེས་ཀྱིས་ཁེངས། 2015ལོ་ནས་བཟུང་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་གཏོད་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་བས་འགྲོ་ལམ་ཡངས་སུ་དང་སྲང་ལམ་གཙང་དུ་ཕྱིན་པ་དང་། ཆུ་ཀ་ལ་ཁྲིད་ཐུབ་པ་བྱུང་བ། ཐབ་ཚང་དང་གསང་སྤྱོད་སྒྱུར་བཀོད་བཅས་ལས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
           སྣེ་ལེན་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་ཆེད། གསེར་གཞོང་གྲོང་ཚོས་གྲོང་ཚོའི་མདའ་ཡི་མུའུ་80ཡོད་པའི་སར་སྐལ་བཟང་མེ་ཏོག་བཏབ་པ་དང་། གྲོང་ཚོའི་ནང་ཡུལ་སྐོར་བར་སྣེ་ལེན་ལྟེ་གནས་སྐྲུན་བཞིན་པ། གྲོང་ཚོའི་ནང་གི་བོད་ཀྱི་དམངས་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་བླངས་པའི་《ཆང་གཞས་》ལས་ཡུལ་སྐོར་བས་འབྲུག་ཆུ་རྒྱུག་ཁུལ་ལ་དམིགས་སུ་ལྡན་པའི་བོད་རིགས་ཀྱི་གོམས་སྲོལ་དེ་བས་མྱོང་ཚོར་བྱེད་ཐུབ།
           ཐེ་བོ་རྫོང་ཡུལ་སྐོར་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན་ཐེ་བོ་རྫོང་ཡོངས་ཀྱི་ཡུལ་སྐོར་མི་གྲངས་སྔོན་ཆད་ཀྱི་དུས་མཚུངས་ལས་ཧ་ཅང་མང་དུ་ཕྱིན་ཞིང་། ཡུལ་སྐོར་བ་ཕལ་ཆེ་བ་ཧྲའན་ཤིས་དང་། ཁྲུང་ཆིང་། ཉིང་ཞ། པེ་ཅིང་སོགས་ས་གནས་དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་འཁོར་ཁྲིད་ཡུལ་སྐོར་བྱེད་མཁན་ཤ་སྟག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།