འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་2018ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་
    ཁ་གསབ་མ་དངུལ་སྒོར་དུང་ཕྱུར་235སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས་2018ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་126.2སྤྲད་ཁར། སྔོན་ཚུད་ནས་སྤྲད་ཟིན་པའི་སྒོར་དུང་ཕྱུར་107.9དང་ཤིན་ཅང་པིང་ཐོན་སྡེ་ཚན་གྱི་སྔོན་རྩིས་ནང་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་0.9བསྡོམས་ན་2018ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་235ཚང་མ་སྤྲད་ཟིན་པ་རེད།
           མ་དངུལ་དེ་དག་ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་གྲོང་མི་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་པར་རོགས་རམ་ཡག་པོ་བྱ་རྒྱུར་སྤྱི་འདོམས་ངང་སྤྱད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་གྲོང་མིར་གཏན་འབེབས་དང་མཐུན་པའི་སྨན་རིན་ཐད་རོགས་སྐྱོར་བྱ་རྒྱུ་དང་དེ་བཞིན་ནད་གཞི་ལྕི་རིགས་དང་ཚབས་ཆེ་བའི་ནད་གཞི་སྨན་བཅོས་རོགས་སྐྱོབ་སོགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ་རེད། ནོར་སྲིད་པུའུ་དང་། དམངས་སྲིད་པུའུ། སྨན་བཅོས་འགན་བཅོལ་ཅུས་སོགས་ཀྱིས་ས་གནས་ཁག་གི་རིམ་ཁག་ནོར་སྲིད་དང་། དམངས་སྲིད། སྨན་བཅོས་འགན་བཅོལ་བཅས་སྡེ་ཚན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱི་དགོས་མཁོ་ཚན་རིག་དང་མཐུན་པའི་སྒོ་ནས་རྩིས་རྒྱག་པ་དང་། གོང་རིམ་གྱི་ནོར་སྲིད་ཁ་གསབ་མ་དངུལ་བཀོད་སྒྲིག་བྱེད་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིམ་པ་འདི་གའི་ནོར་སྲིད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། དེ་དང་ཆབས་ཅིག འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ཏེ། ཁ་གསབ་རོགས་དངུལ་དང་རོགས་སྐྱོབ་ཐེབས་རྩའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མ་དངུལ་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།