འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སུའུ་ཏན་གྱི་ཏར་ཕུར་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་
    གིས་འགྲོ་ལམ་རྩད་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་4ཉིན་སུའུ་ཏན་ཏར་ཕུར་དུ་སྐྱོད་མཁན་ཀྲུང་གོའི་བཟོ་སྐྲུན་དམག་ཁག་14པའི་ཡན་ལག་རུ་ཁག་གིས་འགྲོ་ལམ་གྱི་གནས་ཚུལ་ཞན་པ་དང་བདེ་འཇགས་དུས་བབ་ཛ་དྲག་པའི་གནས་ཚུལ་འོག་ཀེ་ལེའི་གནས་སྐབས་དམག་འཐབ་རྟེན་གཞི་ནས་ཐ་ཝུའེ་ལོའི་ཞི་བདེ་སྲུང་སྐྱོང་སྒར་སའི་བར་གྱི་སྤྱི་ལེ་105ཟིན་པའི་འགྲོ་ལམ་རྩད་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་འབྲེལ་ཞིབ་ཕྲའི་སྙན་ཞུ་ཕུལ་ཡོད་པ་རེད།
             “ད་ཐེངས་ཀྱི་རྩད་ཞིབ་ལས་འགན་དེ་ཀེ་ལོ་ནས་ཐ་ཝུའེ་ལ་དབར་གྱི་མི་སྣ་འབྲེལ་གཏུག་དང་། དངོས་ཟོག་རྒྱུ་ཆ་སྐྱེལ་འདྲེན་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་སུའུ་ཏན་ཏར་ཕུར་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཁག་14པའི་ཡན་ལག་རུ་ཁག་གི་རུ་སྣེ་འཁྲིད་མཁན་གྱི་ཚན་མོའུ་ཀྲང་ཁྲེན་ལེང་གིས་བརྗོད་པ་དང་། ཁོང་གིས་འགྲོ་ལམ་དེའང་ཀེ་ལེ་རི་ཁུལ་ནས་ཕྱི་ཕྱོགས་སུ་སྐྱོད་སའི“ཚེ་སྲོག་གི་ལམ་བུ”རེད། ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་ཤར་གཏོང་ཐུབ་ཐབས་བྲལ་བས་དུས་རྒྱུན་ས་གནས་གཉིས་དབར་སྐྱོད་སྐབས་སྤྱི་ལེ་240ལྷག་ཙམ་སྐོར་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།
           བབ་བསྟུན་རྩད་ཞིབ་བྱས་པ་བརྒྱུད། ཡན་ལག་རུ་ཁག་གིས་ཞིབ་ཅིང་ཕྲ་ལ་གནད་ལ་འཁེལ་བའི་འགྲོ་ལམ་གནས་ཚུལ་དང་ལམ་རྒྱུད་ཀྱི་དམངས་ཀྱི་གནས་ཚུལ་ཁོང་དུ་ཆུད་ནས་ཏར་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངག་ཚོགས་པར་འགྲོ་ལམ་རྩད་ཞིབ་ཀྱི་སྙན་ཞུ་ཕུལ་ནས་གོམ་སྟབས་རྗེས་མར་ཏར་ཕུར་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངགས་ཚོགས་པར་འགྲོ་ལམ་དེ་བསྐྲུན་རྒྱུར་ཚན་རིག་དང་མཐུན་པའི་ཞིབ་ཕྲའི་གཞི་འཛིན་ས་མཁོ་འདོན་དང་ལག་བསྟར་བྱས་འཐུས་རང་བཞིན་གྱི་གྲོས་འགོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།