འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་འགག་སྒོས་ལོ་ཕྱེད་ནང་གསེར་སོགས་འབྲེལ་ཡོད་ལྐོག་ཚོང་གྱོད་དོན་10ལྷག་ཐོ་
    འགོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཟླ་1ནས་ཟླ་6པའི་བར་ལྷ་ས་འགག་སྒོས་ཁྱོན་གྱོད་དོན་12ཐོ་འགོད་བྱས་ཡོད་པ་དང་། གྱོད་འབྲེལ་དངུལ་རིན་ཐང་སྒོར་ཁྲི་1015(མི་དམངས་ཤོག་སྒོར)ལྷག་ཟིན་ཡོད་པ་རེད། 
    ལྷ་ས་འགག་སྒོའི་ལྐོག་འདྲེན་འཛིན་བཟུང་ཅུས་ཀྱི་མྱུལ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཆོས་འཛིན་གྲགས་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར། ལྷ་ས་འགག་སྒོས"2018ལོའི་རྒྱལ་མཚམས་རལ་གྲི་རྣོན་པོ"ཞེས་པ་དང་རྒྱལ་མཚམས་དཔའ་བརྟུལ"ཞེས་པའི་མེ་མདའ་སྔོག་བཤེར་དང་། "2018ལོའི་གནམ་སྔོན་པོ"ཞེས་པའི་ཕྱི་རྒྱལ་གྱི་གད་སྙིགས་གཙང་སེལ་སོགས་ལྐོག་འདྲེན་ཆེད་དམིགས་འཐབ་རྩོད་དང་མཉམ་འབྲེལ་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། ཚོང་རའི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་དང་། བོད་ལྗོངས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་བདེ་བླག་ངང་འཕེལ་རྒྱས་ཡོང་རྒྱུར་འགན་སྲུང་བྱས་ཡོད་པ་རེད།
     ཁོང་གིས། ད་ལོའི་ལོ་གོང་མར། ལྷ་ས་འགག་སྒོས་སྲིད་འཛིན་གྱོད་ཐོ་5དང་། གྱོད་འབྲེལ་རིན་ཐང་སྒོར་ཁྲི་54.24། ཉེས་དོན་གྱོད་ཐོ་7  གྱོད་འབྲེལ་རིན་ཐང་སྒོར་ཁྲི་961.34 ཟིན་ཡོད་པའི་ཁྲོད། ལྷ་ས་འགག་སྒོས་བདག་སྤྲོད་བྱས་པའི་ལྕགས་རིགས་རྩ་ཆེན་ལྐོག་ཚོང་གི་གྱོད་གཞི་5ལས་གསེར་སྤྱི་རྒྱ་28.49ལྐོག་ཚོང་བྱས་པ་ཞིབ་བཤེར་བྱེད་ཐུབ་ཡོད་པ་དང་། རིན་ཐང་སྒོར་860.62ཟིན་ཡོད། དོག་ཡོད་ཉེས་ཅན་19བཟུང་ཡོད་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།