འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་བགྲོ་གླེང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་8ཉིན། པའེ་སེ་ལས་བྱེད་པའི་སློབ་གླིང་དུ་ཀོང་ཤིས་པའེ་སེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། ཀྲུང་གོ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས། མི་དམངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་《མི་དམངས་གླེང་སྟེགས་》དུས་དེབ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་གིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གྱིས། སྤུས་ཚད་མཐོ་བའི་དབུལ་སྒྲོལ་འགན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ལ་སྐུལ་མ་ཇི་ལྟར་གཏོང་བའི་ཐད་གྲོས་བསྡུར་དང་སྤེལ་རེས་ཟབ་མོ་བྱས་ཤིང་། ཚོགས་འདུའི་ཐོག་དཔྱད་རྩོམ་དང་སྙན་ཞུ་300ལྷག་བསྡུས་ཡོད་པ་རེད།
              ཚོགས་འདུའི་ཐོག་ཀྲུང་གོ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་པའེ་སེ་གྲོང་ཁྱེར་ལ་ཀོང་ཏུང་གི་ཀུང་སི་དང་སི་ཁྲོན་གྱི་ཀུང་སིས་མཁོ་འདོན་བྱས་པའི་ཆུ་གཙང་བཟོའི་ཡོ་ཆས་2000དང་ཉི་ནུས་ཁྱིམ་སྤྱོད་གློག་སྒྲོན་2000དེ་བཞིན་པའེ་སེ་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་སྨན་ཁང་ཡོངས་ལ་བདེ་ཐང་མཉམ་སྤྱོད་ཀྱི་རྐུབ་སྟེགས་5000བཅས་ཞལ་འདེབས་བརྒྱབ་པར་ཁྱོན་སྒོར་ཁྲི་3000རི་གི་ཡོད། པའེ་སེ་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་ཀྱིས་《སྤུས་ཚད་མཐོ་བའི་དབུལ་སྒྲོལ་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།