འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྔའི་རིང་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་བསྡུར་ཚད་བརྒྱ་ཆའི་གྲངས་6.3མཐོ་རུ་ཕྱིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ལོ་ལྔའི་རིང་། རྒྱལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ངར་ལྕགས་ཐོན་ནུས་ཏུན་དུང་ཕྱུར་1.7ལྷག་ཙམ་དང་། རྡོ་སོལ་ཐོན་ནུས་ཏུན་དུང་ཕྱུར་8 ཨར་འདམ་ཐོན་ནུས་ཏུན་དུང་ཕྱུར་2.3བཅས་ཉུང་དུ་བཏང་བ་དང་། རྡོ་སོལ་འཛད་སྤྱོད་བསྡུར་ཚད་བརྒྱ་ཆའི་གྲངས་8.1ཆག་པ་དང་ནུས་རྒྱུ་གཙང་མའི་བསྡུར་ཚད་བརྒྱ་ཆའི་གྲངས་6.3མཐོ་རུ་ཕྱིན་ཡོད་པ་རེད།
              ཚེས་9ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བྱེད་ཐབས་ལག་ལེན་བསྟར་ཚུལ་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུའི་ནང་གོང་གསལ་གྱི་གནས་ཚུལ་མངོན་ཡོད།
            སྙན་ཞུའི་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁོར་ཡུག་ཁྲིམས་སྐྱོང་དང་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ཐད་ལྟ་སྐུལ་བྱེད་ཤུགས་ཆེ་བ་དང་ལས་ཕྱོད་མཐོ་བས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ཚང་མར་ཁྱབ་ཡོད། སྣོད་བཅུད་ཁོར་ཡུག་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་བྱ་ཐབས་དང་ཁྲིམས་འཛིན་འགྲེལ་བཤད་བཏོན་ཏེ་ཁོར་ཡུག་སྤྱི་ཕན་གཏུག་བཤེར་ལ་སྐུལ་འདེད་བཏང་བ་དང་གྱོད་གཞི་ཆེན་པོ་དང་གྱོད་གཞི་གལ་ཆེན་མཉམ་དུ་ཞིབ་བཤེར་ཐག་གཅོད་བྱས་ནས་ཉེས་དོན་འགན་འཁྲི་བདའ་འདེད་ནན་པོ་བཏང་ཡོད། 2017ལོར། རྒྱལ་ཡོངས་སུ་བསྟུད་མར་ཆད་པ་གཅོད་པ་དང་། སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱེད་པ། ཐོན་སྐྱེད་ཚོད་འཛིན་དང་མཚམས་འཇོག སྲིད་འཛིན་བཀག་ཉར། སྦགས་བཙོག་དང་འབྲེལ་བའི་ཉེས་གསོག་རྩིས་སྤྲོད་སོགས་གྱོད་གཞི་རིགས་ལྔ་ཁྲི་4ཙམ་བདག་སྤྲོད་བྱས་པར་རླུང་ཁམས་ཆེ་མོ་དང་འབྲེལ་བའི་གྱོད་གཞིས་30%ཙམ་བཟུང་བས་2016ལོ་ལས་75%འཕར་ཡོད་པ་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།