འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ཨའོ་ལིམ་ཕིག་ཨང་རྩིས་འགྲན་བསྡུར་སྐབས་59པ་རོ་མ་ནི་ཡར་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ཨའོ་ལིམ་ཕིག་ཨང་རྩིས་འགྲན་བསྡུར་སྐབས་59པ་ཚེས་8ཉིན་འགྲན་བསྡུར་དེ་གཏོད་མཁན་རྒྱལ་ཁབ་རོ་མ་ནི་ཡར་འགོ་བཙུགས་པ་དང་ཀྲུང་གོ་ཚུད་པའི་རྒྱལ་ཁབ་དང་ས་ཁུལ་110ཡི་སློབ་འབྲིང་སློབ་མ་600ལྷག་ཙམ་རོ་མ་ནི་ཡའི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཁེ་ལུའུ་རེ-ན་པོ་ཁར་མཉམ་འཛོམས་བྱས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་སློབ་འབྲིང་སློབ་མའི་ཨའོ་ལིམ་ཕིག་ཨང་རྩིས་འགྲན་བསྡུར་སྐབས་དང་པོ1959ལོར་རོ་མ་ནི་ཡའི་པུ་ལ་སུའོ་ཕུར་གཉེར་བ་དང་སྐབས་དེ་དུས་མགྲོན་བདག་རྒྱལ་ཁབ་དང་རྒྱལ་ཁབ་ཉུང་ཤས་ལས་ཞུགས་མེད། འགྲན་བསྡུར་དེ་འགོ་བཙུགས་པ་ནས་བཟུང་རོ་མ་ནི་ཡ་དང་པུར་ཀ་རི་ཡ་རྒྱལ་ཁབ་གཉིས་པོས་འགྲན་བསྡུར་ནང་ཞུགས་མཚམས་འཇོག་མྱོང་མེད་པ་དེའི་ནང་རོ་མ་ནི་ཡར་ཁྱོན་གསེར་གྱི་རྟགས་མ་78ཐོབ་པ་རེད།
           འདི་ལོ་ནི་རོ་མ་ནི་ཡར་འགྲན་བསྡུར་དེ་གཉེར་ཐེངས་6པ་ཡིན་ཞིང་། འགྲན་བསྡུར་གྱི་རྩ་དོན་གཞིར་བཟུང་རྒྱལ་ཁབ་དང་ས་ཁུལ་ཚང་མས་སློབ་འབྲིང་སློབ་མ་6ལས་མི་བརྒལ་བའི་ཚོགས་པ་གཏོང་ཆོག་པ་དང་སྐབས་འདིའི་འགྲན་བསྡུར་ཚེས་13ཉིན་གྲོལ་རྒྱུ་མ་ཟད་བྱ་དགའ་སྤྲོད་པའི་མཛད་སྒོའང་འཚོག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།