འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་ཀུན་སྤྱོད་དཔེ་བཟང་བའི་གཏམ་རྒྱུད་ཕྱོགས་བསྡུས་གཞི་རིམ་
    དུ་སྐོར་སྐྱོད་འཁྲབ་སྟོན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་ཀུན་སྤྱོད་དཔེ་བཟང་བའི་གཏམ་རྒྱུད་ཕྱོགས་བསྡུས་གཞི་རིམ་དུ་སྐོར་སྐྱོད་འཁྲབ་སྟོན་འགོ་ཚུགས་མཛད་སྒོ་དང་འཁྲབ་སྟོན་ཐོག་མ་ཀྲུང་གོ་ལྕགས་ལམ་ཟློས་གར་ཚོགས་པའི་ཟློས་གར་ཁང་ཉེར་བདུན་པར་བདེ་བླག་ངང་གཉེར་བ་རེད། འཁྲབ་སྟོན་ཐོག་མ་བྱས་རྗེས་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་རེས་སྐོར་གསུམ་ལ་དབྱེ་ནས་དཔེ་སྟོན་འཁྲབ་སྟོན་ཐེངས་30དང་རུ་ཆུང་གི་འཁྲབ་སྟོན་ཐེངས་20བྱ་རྒྱུའི་སྒྲིག་འཛུགས་བྱས་པ་རེད།
         སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་རྗེས་ཀྲུང་གོ་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་གཞི་རིམ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་གྲ་སྒྲིག་ལས་དོན་སྤེལ་བ་རེད། གདམ་གསེས་ཡག་པོ་བྱས་པ་བརྒྱུད། བརྩེ་སེམས་ཀྱིས་ཕྱུག་པ་དང་། ནང་དོན་ཟབ་པ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། མི་སེར་དང་འབྲེལ་བ་ཆེ་བ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་རྩེ་གྲ་ཁག་གཅིག་བདམས་ནས་བཟོ་བཅོས་ཡང་ཡང་དང་ཞིབ་ཚགས་བྱས་པ་བརྒྱུད། དེའི་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། དཔའ་བོར་བསྟོད་གླུ་ལེན་པ། དཔེ་བཟང་བར་བསྟོད་གླུ་ལེན་པ་བཅས་ཀྱི་ཕུལ་བྱུང་གཞས་མ་གཏམ་གྱི་བརྩམས་ཆོས་བརྒྱད་བདམས་ཏེ་འཁྲབ་སྟོན་ཐོག་མ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གཏམ་རྒྱུད་ཕྱོགས་བསྡུས་གཞི་རིམ་དུ་སྐོར་སྐྱོད་འཁྲབ་སྟོན་ནི་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་དང་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་གཞས་མ་གཏམ་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་སྤུས་རྟགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད། ལོ་བཅུའི་རིང་སྐབས་ལྔ་གཉེར་བའི་ཉམས་མྱོང་དང་འཕེལ་རྒྱས་བརྒྱུད། སྐོར་སྐྱོད་འཁྲབ་སྟོན་ལ་རྒྱ་ཆེའི་གཞས་མ་གཏམ་སྒྱུ་རྩལ་ལས་དོན་པའི་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ་དང་སྦྲགས་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཀྱང་ཐོབ་པ་རེད། སྐོར་སྐྱོད་འཁྲབ་སྟོན་ནང་ཞུགས་མཁན་གྱི་སྒྱུ་རྩལ་མཁས་ཅན་རྒན་གྲས་དང་ཕུལ་བྱུང་གཞོན་ནུ་གཞས་མ་གཏམ་སྒྱུ་རྩལ་ལས་དོན་པས་ཀུན་སྤྱོད་དཔེ་བཟང་བའི་སྙིང་སྟོབས་ཐོག་ནས་ཀུན་སྤྱོད་དཔེ་བཟང་དྲིལ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།